བོད་ནང་རང་ལུས་མེར་བསྲེཊ་དང་རྡ་སར་མར་མེ་ཁྲོམ་སྐོར།


2014.03.17
རྔ་བར་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་བཞིན་པ། ༢༠༡༤།༣།༡༦ རྔ་བར་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་བཞིན་པ། ༢༠༡༤།༣།༡༦
པར། བོད་འབྱོར།

བོད་མདོ་སྨད་རྩེ་ཁོག་དང་རྔ་བ་ནས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བར་རྡ་སར་མར་མེ་ཁྲོམ་སྐོར་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ཚེས་༡༦ཉིན་གྱི་སྔ་དྲོར་རྨ་ལྷོ་རྩེ་ཁོག་རྫོང་བྱ་དར་ཞང་བྱ་དར་སོ་ནག་དགོན་པའི་དགེ་འདུན་པ་ཞིག་གིས། དགོན་པའི་འགྲམ་ནས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་དང་། དེ་མ་ཐག་ས་གནས་སུ་བརྡ་འཕྲིན་དྲ་ལམ་སོགས་བཀག་ནས་དམ་དྲག་བྱས་བར་བརྟེན་ཞིབ་ཕྲའི་གནས་ཚུལ་ཕྱི་ཕྱོགས་སུ་འབྱོར་ཐུབ་མེད་ཀྱང་། གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་ཀྱང་ཕྱི་ཚེས་༡༦ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང། དེ་མ་ཐག་ཉེན་རྟོག་པ་ས་གནས་སུ་ཕྱིན་ཡོད་སྐོར་ཙམ་གྱི་གནས་ཚུལ་སྤེལ་བ་ལས་ཞིབ་ཕྲ་གང་ཡང་འཁོད་མེད་པ་རེད། གནས་ཚུལ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་བརྒྱུད་རྩད་གཅོད་བྱས་སྐབས། ས་གནས་བོད་མི་ཞིག་གིས་ཁོ་རང་བྱ་དོར་སོ་ནག་དགོན་པར་ཉིན་དེར་སོང་སྐབས་དགོན་པ་ཡོངས་སུ་དམག་གིས་སྐོར་ནས་དམ་དྲག་བྱས་བསྡད་ཡོད་པར་བརྟེན་ཁོ་དགོན་པའི་ནང་ལ་བཏང་མ་སོང་བ་ངོ་སྤྲོད་བྱས་ཡོད།

རྔ་བར་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་བཞིན་པ། ༢༠༡༤།༣།༡༦
རྔ་བར་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་བཞིན་པ། ༢༠༡༤།༣།༡༦

དེ་བཞིན་ཡང་ཉིན་དེར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཔལ་ལྡན་ལགས་ཀྱིས་ཡོངས་གྲགས་སུ་དཔའ་བོའི་སྲང་ལམ་ཞེས་བ་ནས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་པ་ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་ཡོད། ཁོང་དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་ཉེན་རྟོག་པ་སོགས་འབོར་ཆེན་འབྱོར་ནས་མེ་བསད་ཅིང་རླངས་འཁོར་ནང་བཙན་ཁྲིད་བྱས་ཡོད་པ་ལས། དེའི་རྗེས་ས་གནས་གང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད།
ཁོང་ནི་ད་ལྟ་རང་ལོ༢༠གཡས་གཡོན་ཙམ་ཡིན་པའི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་གི་བུ་ཡིན་པ་དང་། མ་མིང་ལ་ནམ་ཁོ་ཡིན་འདུག
དེ་ལྟར་གནས་ཚུལ་དེ་བྱུང་ཉིན་རྡ་རམ་སཱ་ལར་སྐབས་༡༥་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་གྲོས་ཚོཊ་ཚོཊ་དུས་ཐེངས་༧་པ་ཚོགས་བཞིན་པར་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་ལཊ་ཀྱིས་ཚོགས་ཐོག་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་གླེང་བ་དང་། ཁོང་གི་ཞལ་ཆེམས་གྲོས་ཚོཊ་ནང་སྒྲོག་སྦྱང་གནང་འདུག དེ་བཞིན་རྡ་རམ་ས་ལར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཌ་དང་། ས་གནས་བོད་ཀྱི་བེུད་ལྷན་ཚོཊ། ས་གནས་བོད་རང་དབང་སློབ་ཕྲུག་ཚོཊ་པ་བཅས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག

གནམ་གྱི་དྲ་ཐག་ནས་རང་ལུས་མེར་བསྲེགས་གཏོང་མཁན་བཙན་གྱིས་རླངས་འཁོར་ལ་འཁྱེར་བཞིན་པ་མཐོང་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎