བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག

2023.03.29
བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་འདུག བོད་དོན་ཆེད་གསར་འགོད་གསལ་བསྒྲགས་སྐབས། ༠༣།༢༨།༢༠༢༣
བསྟན་འཛིན་བདེ་སྐྱིད། /RFA

དེ་ཡང་ཨ་མི་རི་ཀའི་ས་གནས་ཁག་གང་སའི་བོད་མི་༡༥༠ལྷག་ཨ་རིའི་རྒྱལ་སར་འཛོམས་ནས། འདི་ཚེས་༢༨བར་ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་སྐབས་དང་བསྟུན། ཚེས་༢༨ཉིན། གྲོས་ཚོགས་ཀྱི་ཚོགས་ཁང་མདུན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱུན་ལས་འཐུས་མི་རྣམས་པས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་དང་འབྲེལ་གསར་འགོད་གསལ་བསྒྲགས་བསྐོངས་ཚོགས་གནང་ནས། རྒྱ་ནག་གཞུང་ལ་བོད་མིའི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་འཇུག་རྒྱུ་མིན་ལ་བོད་མི་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་བ་བཤད་པ་དང་། སྐབས་དེར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་ཡེ་ཀལ་མེ་ཀོལ་(Michael McCaul)་ལགས་ཀྱིས། ང་ཚོའི་གྲོས་འཆར་ནང་གསལ་ཡོད་པ་བཞིན། རྒྱ་ནག་གཞུང་ནས་དོན་དམ་པའི་ཐོག་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་དང་དཀའ་རྙོག་སེལ་ཐབས་བྱེད་འདོད་ཡོད་ན་ཞི་མོལ་བསྐྱར་གསོ་བྱེད་དགོས་ཅེས་གསུངས་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་ཐེ་བྱུས་དང་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱེད་རྒྱུ་མེད་པ་གསལ་སྟོན་དང་འབྲེལ་བོད་མིའི་ཚོར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུར་ཐོབ་ཐང་ཆ་ཚང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོཌི་ཡང་(Todd Young)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གི་
ནང་སྲིད་རེད་ལ་དེར་ཕྱི་ཕྱོགས་ནས་ཐེ་བྱུས་བྱས་ན་འགྲིགས་ཀྱི་མེད་ཅེས་བཤད་ཀྱི་ཡོད་རེད། ཡིན་ནའང་དེ་ནི་ནང་སྲིད་ཀྱི་གནད་དོན་ཞིག་མ་རེད། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་བར་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་ཡོད་ཀྱང་ད་བར་གྲོས་མོལ་མེད་པར་ལོ་ངོ་མང་ཕྱིན་ཡོད། དེ་འདྲ་ཡིན་དུས་གྲོས་མོལ་བསྐྱར་གསོ་བྱེད་དགོས་ཀྱི་རེད་གསུངས་ནས་བོད་མི་དང་ཤིན་ཅང་ཡུ་གུར་མི་རིགས་སོགས་ཀྱི་ཐོག་སྡང་ཟུག་དང་། ཁོང་ཚོའི་འགྲོ་སྡོད་སྤྱོད་གསུམ་ཐད་སོ་ལྟ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་དགོས་པའི་དམིགས་ཡུལ་གསུངས་འདུག
དེ་ལྟར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་རྣམས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསལ་བཤད་གནང་ཡོད་པ་རེད།
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་འབྲེལ། ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་དགོས་ལུགས་གསུངས་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎