བོད་ཀྱི་ཕུང་པོ་བྱ་གཏོར་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་གནང་རྒྱུ།


2015.01.23
བོད་ཀྱི་ཕུང་པོ་བྱ་གཏོར་སྐབས། བོད་ཀྱི་ཕུང་པོ་བྱ་གཏོར་སྐབས།
བོད་འབྱོར

བོད་རང་སྐྱོང་ལྗོངས་ནང་ཕུང་པོ་བྱ་གཏོར་བྱ་རྒྱུར་ཁྲིམས་མཐུན་ཐོག་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན་ལུགས་གྲོས་གཞི་གཏན་འབེབས་བྱུང་འདུག
དེ་ཡང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་རེའི་ལྷན་ཚོགས་དེ་བཞིན་འདས་པའི་ཉིན་གྲངས་ཁ་ཤས་རིང་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་ནས་སྤྱི་ཚེས་༢༣་གཟའ་པ་སངས་ཉིན་མཇུག་བསྒྲིལ་ཡོད་ཅིང་། ལྷན་ཚོགས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་བྱ་གཏོར་གྱི་སྲོལ་རྒྱུན་ལུགས་སྲོལ་དོ་དམ་ཚན་པ་ཞེས་པའི་གྲོས་གཞི་གཏན་འབེབས་བྱུང་ཡོད་པ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཁྲིམས་ཐོག་ནས་བྱ་གཏོར་གྱི་བྱ་སྲོལ་ལ་དོ་དམ་བྱ་རྒྱུ་ཐོག་མ་དེ་ཡིན་ལུགས་འཁོད་འདུག བོད་རང་སྐྱོང་ལྗོངས་བྱ་གཏོར་དོ་དམ་དོན་ཚན་ཞེས་པའི་གྲོས་གཞི་དེའི་ནང་། བྱ་གཏོར་བྱེད་སྟངས་དང་། དེ་བཞིན་དུར་ཁྲོད་ལ་དོ་དམ་དང་དེའི་ཉེ་འཁྲིས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ། ཕུང་པོ་བྱ་གཏོར་བྱེད་མཁན་སྟོབས་ལྡན་གྱི་གནས་བབ་གཏན་འབེབས་སོགས་ཀྱི་ནང་དོན་འཁོད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཐོག་གྲོས་མཐུན་བྱུང་བའི་ཁྲིམས་ཐོག་ནས་བྱ་གཏོར་ལས་དོན་སྲུང་སྐྱོབ་ཀྱི་གྲོས་གཞིའི་གཏན་འབེབས་ནང་དོན་ཐོག བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་ཀྱིས་ཞིབ་བཤེར་གྲོས་མོལ་བྱས་ནས་ཞིབ་བཤེར་གྱི་མཇུག་འབྲས་མི་མང་འཐུས་ཚོགས་སུ་སླར་ཡང་བསྐྱལ་ནས་མཐའ་མའི་གྲོས་ཆོད་འཇོག་གི་ཡོད་འདུག
༡༩༩༥ལོར་བོད་རང་སྐྱོང་ལྗོངས་ཀྱིས་བྱ་གཏོར་ལས་དོན་ཐོག་སྟངས་འཛིན་གྱི་འབྲེལ་ཡོད་བརྡ་ཁྱབ་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཉིས་སྟོང་ལྔ་ལོར་བྱ་གཏོར་ལས་དོན་དོ་དམ་གྱི་འཕྲལ་སེལ་གཏན་འབེབས་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། དུར་ཁྲོད་དུ་ཕུང་པོ་བྱ་གཏོར་བྱེད་པའི་སྐབས་ལྟད་མོ་ལྟ་བ་དང་། དཔར་རྒྱག་པ། བརྙན་འཕྲིན་དང་། གསར་ཤོག དུས་དེབ་སོགས་ཀྱི་ཐོག་བཏོན་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད། གནས་ཚུལ་ནང་འཁོད་པར་གཞིགས་ན། ཉེ་བའི་ཆར་བོད་རང་སྐྱོང་ལྗོངས་ཁོངས་སུ་དུར་ཁྲོད་༡༩༣༨ཙམ་དང་། སྟོབས་ལྡན་མི་གྲངས་༡༠༩༣ཙམ་ཡོད་ལུགས་འཁོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎