བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་དོན་ངོ་རྒོལ་སྐད་འབོད།


2018.09.14
བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་དོན་ངོ་རྒོལ་སྐད་འབོད། 2018/9/14 བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་དོན་ངོ་རྒོལ་སྐད་འབོད། 2018/9/14
དྲ་བཤུས།/FB

བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་མདུན་བོད་དོན་ངོ་རྒོལ་སྐད་འབོད་བྱས་འདུག
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༡༤ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁང་མདུན་སུད་སི་ས་གནས་གང་ས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་འཕོན་ཆེ་འདུ་འཛོམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
དེ་ཡང་གཙོ་བ་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་འདྲི་ཞིབ་རིམ་པ་གཉིས་པ་དེ་བྱེད་ཀྱི་ཡོད་ཅིང་། དེའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོ་བོར་གྱུར་བའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མུ་མཐུད་ནས་ཡོད་མུས་ཐོག བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་དང་བོད་མི་ཚོའི་འགྲོ་འོང་ལ་བཀག་སྡོམ་ནན་པོ་བྱེད་བཞིན་པའི་སྐོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཕུལ་ནས་རྒྱ་ནག་གཞུང་ལ་དྲི་ཞིབ་གནང་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎