རྒྱ་ནག་གཞུང་གིས་བོད་མི་ནང་ཁུལ་སོ་ལྟའི་སྒྲིག་གཞི་བཀོད་འདོམས་བྱེད་བཞིན་འདུག

2021.03.16
རྒྱ་ནག་གཞུང་གིས་བོད་མི་ནང་ཁུལ་སོ་ལྟའི་སྒྲིག་གཞི་བཀོད་འདོམས་བྱེད་བཞིན་འདུག གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་བོད་མི་དད་ལྡན་པ་སྐོར་བར་བསྐྱོད་བཞིན་པ། ༡༠།༡༨།༢༠༢༠
Reuters

ཉེ་ཆར་རྒྱ་ནག་གཞུང་གིས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་མིང་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་ནང་བོད་མི་ནང་ཁུལ་སོ་ལྟ་བྱེད་རྒྱུའི་སྒྲིག་གཞི་གསར་པ་ཞིག་བཀོད་འདོམས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལག་བསྟར་བྱེད་རྒྱུའི་སྒྲིག་གཞི་གསར་པ་དེ་ནི། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་གྱིས་སྤྱི་ཡོངས་ཐོག་རྒྱལ་ཁབ་སྲུང་སྐྱོབ་ཀྱི་བལྟ་ཕྱོགས་ཀྱི་སྲིད་བྱུས་དེ་དང་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། སྒྲིག་གཞི་གསར་པ་དེས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་བློ་འགུག་ཐབས་ཀྱི་སྲིད་བྱུས་དེ་དོར་ནས་མངོན་གསལ་ཐོག་བོད་མི་ནང་ཁུལ་གཅིག་གིས་གཅིག་ལ་སོ་ལྟའི་ལས་དོན་སྤེལ་དགོས་པའི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་པ་རེད།
ཕྱི་ལོ་༢༠༢༡ཟླ་བ་དང་པོའི་ཚེས་༡ནས་བོད་རང་སྐྱོང་ལྗོངས་ཞེས་པའི་མངའ་ཁུལ་ནང་ལག་བསྟར་བྱས་པའི་ནང་ཁུལ་སོ་ལྟ་དང་འབྲེལ་བའི་སྒྲིག་གཞི་དེ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤དང་། ཕྱི་ལོ་༢༠༡༥ ཕྱི་ལོ་༢༠༡༧བཅས་སོ་སོའི་ནང་གཏན་འབེབས་བྱས་བའི་རྒྱལ་ཡོངས་སོ་ལྟའི་ཁྲིམས་གཞི་དེ་དག་བོད་རང་སྐྱོང་ལྗོངས་ནང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།
གོང་ཞུས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ལག་བསྟར་བྱས་བའི་ཁྲིམས་གཞི་དེ་དག་རྒྱ་ནག་སྤྱི་ཡོངས་ཐོག་ལག་བསྟར་བྱེད་བཞིན་པའི་ཁྲིམས་གཞི་དང་མ་འདྲ་བར། བོད་མིར་ཆེད་མངགས་མི་རིགས་དབྱེ་འབྱེད་ཀྱིས་མི་རིགས་ཀྱི་གྱེན་ལངས་ཞེས་པ་དང་། མི་རིགས་ཀྱི་རྩོད་རྙོག ཆོས་ལུགས་བེད་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཉེན་ཚབས་བཟོ་བ་ཞེས་པའི་བརྗོད་ཚིག་བཀོད་ཡོད་པ་རེད།
ཨ་མི་རི་ཀའི་ནང་གནས་བཞུགས་རྒྱ་ནག་གི་ཁྲིམས་ལུགས་ཐོག་མཁས་པ་(Teng Biao)ཡིས། གོང་ཞུས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ལག་བསྟར་བྱེད་བཞིན་པའི་སོ་ལྟའི་ཁྲིམས་ལུགས་དེས་བོད་མི་དཀྱུས་མ་རྣམས་ཉེན་ཁའི་གནས་སྟངས་ནང་འཚུད་རྒྱུ་ཡིན་པ་དང་། དེས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ཐོག་དམ་དྲག་གི་ལས་འགུལ་དུ་མ་སྤེལ་རྒྱུ་ཡིན་པ་མ་ཟད། དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བས་སྡུག་ཏུ་འགྲོ་རྒྱུ་ཡིན་པ་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎