ལྷོ་ཨ་ཧྥི་རི་ཀའི་སི་ཝ་ནཱན་ཌའི་འཛམ་གླིང་ཞི་བདེ་ཐེབས་རྩའི་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག

2022.11.01
ལྷོ་ཨ་ཧྥི་རི་ཀའི་སི་ཝ་ནཱན་ཌའི་འཛམ་གླིང་ཞི་བདེ་ཐེབས་རྩའི་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག ལྷོ་ཨ་ཧྥི་རི་ཀའི་སི་ཝ་ནཱན་ཌའི་འཛམ་གླིང་ཞི་བདེ་ཐེབས་རྩའི་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་སྐབས། ༡༠།༣༡།༢༠༢༢
CTA

ཕྱི་ཟླ་བཅུ་པའི་ཚེས་༣༡ཉིན་ལྷོ་ཨ་ཧྥི་རི་ཀའི་སི་ཝ་ནཱན་ཌའི་འཛམ་གླིང་ཞི་བདེ་ཐེབས་རྩའི་ (Sivananda World Peace Foundation)་ཚོགས་གཙོ་སྐུ་ཞབས་ཨིཤ་ཝར་རམ་ལུ་ཆི་མན་(Prince Ishwar Ramlutchman)་ལགས། རྡ་རམ་སཱ་ལའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པར། སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ལེན་ཞུས་ནསྲ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་སྩལ་གནང་བ་ནས་བཟུང་། རིམ་པས་སྐབས་དུས་སོ་སོར་མང་གཙོའི་འཕེལ་རིམ་ཐོག་འགྱུར་བ་ཇི་བྱུང་ངོ་སྤྲོད། དེ་བཞིན་རྒྱ་ནག་གིས་བོད་ནང་བཙན་འཛུལ་མ་བྱས་པའི་སྔོན་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་ལུགས་ཀྱི་ལོ་རྒྱུས་སོགས་ངོ་སྤྲོད་ཞུས་གནང་ཡོད་འདུག
ད་དུང་སྐབས་དེར་ཉེ་ལམ་ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China)་གི་མདུན་དུ། “བོད་དོན་དཀའ་རྙོག་སེལ་ཐབས་སུ་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་གནང་ཡོད་པ་དང་། དེའི་སྐབས་རྒྱལ་སྤྱིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Michael Van Walt)་ལགས་དང་། ལོ་རྒྱུས་རིག་པའི་སློབ་དཔོན་སྐུ་ཞབས་ཧོན་ཤིང་ལའུ་(Hon-Shiang Lau)་ལགས་རྣམ་གཉིས་ཀྱིས་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་གསུངས་གནང་ཡོད་པའི་སྐོར་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བྱམས་བརྩེ་དང་། ཞི་བདེ་བསྐྲུན་ཐབས་དང་། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ལ་ད་བར་སྐུ་ངལ་འཛེམས་མེད་གནང་བཞིན་པ་ནི། འཛམ་གླིང་མི་མང་ཚང་མས་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་པ་སོགས་ཀྱི་གནད་དོན་རྣམས་ཞུས་པ་དང་ཆབས་ཅིག་ལྷོ་ཨ་ཧྥི་རི་ཀའི་སི་ཝ་ནཱན་ཌ་ཐེབས་རྩའི་ལས་དོན་ཁག་ལ་བསྔགས་བརྗོད་གནང་བ་དང་། ཐེབས་རྩ་ཁང་གི་ངོས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འབུལ་རྒྱུ་དང་། ཆེ་བསྟོད་ཀྱི་རིག་གཞུང་ལས་རིམ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པར་དགའ་བསུ་ཞུས་གནང་ཡོད་པ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎