རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་རྡུང་རྡེག་གཏོང་བཞིན་པར་གོ་ལ་ཁྱོན་ཡོངས་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ།

2023.07.13
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་རྡུང་རྡེག་གཏོང་བཞིན་པར་གོ་ལ་ཁྱོན་ཡོངས་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ། རྒྱ་ནག་གཞུང་གིས་འདི་ལོའི་སྤྱི་ཟླ་༤པའི་ནང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ཉེས་མིང་འོག་མི་ལོ་ ༡༢ ནས་ ༡༤ བར་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་Xu Zhiyongདང་ Ding Jiaxi.
China Human Rights Defenders

ཕྱི་ཟླ་ ༧ ཚེས་ ༡༠ ཉིན་མོ་ནི་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་ (༧༠༩ རྡུང་རྡེག་དྲག་གནོན་) ཞེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་རྡུང་རྡེག་བཏང་བའི་ཉིན་མོར་རྗེས་དྲན་ཞུ་བཞིན་པ་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་རྡུང་རྡེག་གཏོང་བཞིན་པར་གོ་ལ་ཁྱོན་ཡོངས་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་དགོས་པ་ཨ་རིའི་པན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འབོད་སྐུལ་གནང་འདུག ཨ་རིའི་པན་རྩོམ་པ་པོའི་མཐུན་ཚོགས་ དང་མཉམ་དུ་ཞུ་འབོད་ཀྱི་ལས་འགུལ་འདིའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། རྒྱལ་སྤྱིའི་བོད་དོན་དྲ་བ་སོགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་སོགས་ ༦༤ ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་ཡོད་པ་ཨ་རིའི་པན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་འདུག
ཡོངས་ཁྱབ་ཞུ་སྙན་སྤེལ་བ་དེའི་ནང་དུ། དེ་རིང་ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་ཉིན་མོ་སྟེ། དེ་སྔ་སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༧ཚེས་༩ཉིན་ནས་འགོ་འཛུགས་ཀྱིས་དེའི་རྗེས་ཀྱི་ཉིན་གྲངས་ཁ་ཤས་ཀྱི་ནང་དུ། རྒྱ་ནག་གཞུང་གིས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ཁོ་ཚོའི་ལས་རོགས་སོགས་མི་གྲངས་༣༠༠ལྷག་འཛིན་བཟུང་བྱས་པར་རྗེས་དྲན་ཞུ་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་མདུན་ལམ་བྱ་གཞག་འདི་ཡང་རྒྱ་ནག་ནང་འཆར་གཞི་གོ་རིམ་ལྡན་པའི་ངང་ཉེས་ཅན་པར་ངོས་འཛིན་བྱེད་པར་བློ་ཕམ་ཡོད་པ་གསལ་སྟོན་གནང་པར་རྒྱ་ནག་གཞུང་གིས་བརྩི་འཇོག་བྱས་མེད་ཅེས་དང་།
འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་གྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཁོ་ཚོས་ཡུ་གུར་མི་རིགས་དང་། བོད། ཧོང་ཀོང་། དེ་བཞིན་གསར་འགོད་པ་དང་།རྒྱ་ནག་གཞུང་དང་ལངས་ཕྱོགས་ཐ་དད་འཛིན་མཁན་སོགས་སྤྱི་ཚོགས་ཀྱི་ཕྱོགས་གང་སྤྱིའི་ཐོབ་ཐང་སྲུང་སྐྱོབ་ཐུབ་ཆེད། རྒྱ་ནག་གཞུང་ལ་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་། རྒྱ་ནག་གིས་ཁས་ལེན་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་བརྩི་སྲུང་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད་པ་བཀོད་ནས། གོ་ལ་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གསུམ་གྱི་ནང་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པར་རྡུང་རྡེག་གཏོང་བཞིན་པའི་བྱ་སྤྱོད་ལ་ཛ་དྲག་གི་དོ་ཁུར་གནང་རོགས་ཞེས་འབོད་སྐུལ་བྱས་འདུག
ཡང་གནས་ཚུལ་ནང་རྒྱ་ནང་གཞུང་གིས་འདི་ལོའི་སྤྱི་ཟླ་༤པའི་ནང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ཉེས་མིང་འོག་མི་ལོ་ ༡༢ ནས་ ༡༤ བར་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Ding Jiaxi དང་ Xu Zhiyongསོགས་མི་མང་པོ་ཞིག་གི་མིང་བཏོན་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཐོབ་ཐང་དོན་གཉེར་བ་ཚོར་དྲག་གནོན་མཚམས་འཇོག་དགོས་པ་དང་། ད་བར་དོན་མེད་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་ཕྲལ་དུ་གློད་གྲོལ་གཏོང་དགོས་པ། རྒྱ་ནག་གི་རྩ་ཁྲིམས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་བསྒྱུར་བཅོས་གཏོང་དགོས་པ་སོགས་འབོད་སྐུལ་གནང་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎