རྒྱ་ནག་གིས་གྲྭ་བཙུན་ཚོར་སོ་ཉུལ་ལ་ངོ་རྒོལ་ཞེས་བའི་སློབ་ཁྲིད་གནང་བ།


2015.11.13
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo
དྲ་བཤུས

རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉིང་ཁྲི་ཕྱོགས་ཀྱི་བོད་རིགས་གྲྭ་བཙུན་ཚོར་སོ་ཉུལ་ལ་ངོ་རྒོལ་བྱ་ཐབས་ཞེས་པའི་སློབ་ཁྲིད་བྱེད་བཞིན་ཡོད་པ།
དེ་ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་ཚགས་ཤོག་ཐོག་རེས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་དང་རྒྱ་གར་ཀྱི་ས་མཚམས་ཉེ་བའི་བོད་ལྷོ་ཤར་ཕྱོགས་སུ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་ནང་དགོན་སྡེ་ཁག་གསུམ་ནས་འདུས་པའི་བོད་པའི་དགེ་འདུན་གྲྭ་བཙུན་གྲངས་༢༢་ལ་དུས་ཡུན་ཆུ་ཚོད་༣་རིང་ལ་སོ་ཉུལ་ལ་ངོ་རྒོལ་ཀྱི་ཁྲིམས་ཞེས་པ་དེ་གང་འདྲ་ཞིག་བརྩི་འཇོག་བྱེད་དགོས་པ་དང་། གལ་སྲིད་དེ་འགལ་ཚེ་མཇུག་འབྲས་ངན་པ་གང་འདྲ་ཞིག་འཕྲད་རྒྱུ་ཡིན་མིན་སློབ་ཁྲིད་བྱས་ཡོད་སྐོར་བརྗོད་འདུག གོང་ཞུས་ཁྲིམས་དེ་ནི་ན་ནང་སྤྱི་ཟླ་༡༡་ནང་གཏན་འབེབས་བྱས་ཡོད་ཅིང་། གཙོ་བོ་ཚོིགས་པ་དང་མི་སྒེར་སུ་རུང་རྒྱལ་ཁབ་དེའི་ནང་རྒྱུད་སྐུལ་དང་སོ་ཉུལ་དང་འབྲེལ་བའི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་ལ་དམིགས་པ་ཞིག་ཡིན་འདུག
ཉིང་ཁྲིའི་དཔོན་རིགས་Cui Shixinཟེར་བ་ཞིག་གིས་གོང་ཞུས་བརྒྱུད་ལམ་ཁང་ལ་འཛིན་གྲྭ་དེ་ལྟར་བཙུགས་པ་དེ་ཡིས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་ལ་སྲུང་སྐྱོང་དང་། དགེ་འདུན་གྲྭ་བཙུན་ཚོ་ནས་ཀྱང་ཡག་ངན་དབྱེ་འབྱེད་ཐུབ་པར་ཕན་ཐོབ་བཞིན་ཡོད་ཅེས་བརྗོད་འདུག
ཡང་དེ་མིན་རུས་མིང་Chenལས་མིང་ཆ་ཚང་བརྗོད་དོན་མེད་པའི་དཔོན་རིགས་གཞན་ཞིག་གིས་འདི་ལྟ་བུ་ཁྲིམས་མཐུན་ཀྱི་སློབ་གསོ་དེ་ནི་ཉིང་ཁྲིའི་གྲོང་ཁྱེར་ནང་གི་དགོན་སྡེ་ཁག་དང་ཆོས་རྭ་སོགས་ཀྱི་ནང་ཁྲིད་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎