བོད་མིའི་བསམ་བློ་བསྒྱུར་ཐབས་སུ་རྒྱ་ནག་གིས་བོད་ནང་འགྲོ་སོང་ཆེན་པོ་གཏོང་གི་འདུག


2018.08.30
རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་བྱེད་སྒོ་ཞིག་གི་སྐབས། རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་བྱེད་སྒོ་ཞིག་གི་སྐབས།
བོད་འབྱོར།

རྒྱ་ནག་གིས་བོད་ནང་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་དགོན་སྡེ་དང་གནས་ཆེན་ཁག་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བཤད་འདུག
ཉེ་ཆར་རྒྱ་ནག་གི་དཔོན་རིགས་ཤིག་བོད་ནང་ལྟ་སྐོར་དུ་བསྐྱོད་པའི་སྐབས་བོད་མི་ས་ཡ་གསུམ་དང་འབུམ་གསུམ་ཡོད་པ་དེ་དག་གི་འཚོ་བའི་གནས་སྟངས་བཟང་དུ་གཏོང་རྒྱུ་ཡིན་ཟེར་བ་དང་། དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་མཐོ་སྒང་བོད་ཀྱི་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་༩༧གཏོང་རྩིས་ཡོད་པ་བརྗོད་ཡོད་ཅིང་།  འོན་ཀྱང་དབུས་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་པ་ཁག་གིས་རྒྱ་ནག་གཞུང་གིས་བོད་ནང་དངུལ་དང་དངོས་པོའི་འགྲོ་སོང་ཆེན་པོ་གཏོང་བཞིན་པ་དེ་དག་ནི་གཙོ་བོ་རྒྱ་ནག་གཞུང་གི་མཁེ་ཕན་ཆེད་ཡིན་པ་དང་།  འཛུགས་སྐྲུན་ཡར་རྒྱས་ཀྱི་མིང་གི་ཐོག་ནས་མཁེ་ཕན་བྱུང་ཡུལ་མང་ཆེ་བ་ཡང་རྒྱ་རིགས་ཡིན་པ་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་ལས་འགུལ་འདིའི་ཐོག་ནས་བོད་ཀྱི་ནང་པའི་དགོན་སྡེ་སོགས་གནས་ཆེན་ཁག་སྲུང་སྐྱོབ་དང་ཡུན་གནས་ཐུབ་པའི་སྔོ་ལྗང་དཔལ་འབྱོར་འཕེལ་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཡིན་ལུཊ་འགྲེལ་བརྗོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་ཤུགས་ཆེ་སྤེལ་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་ཡོད་པ་དང་། དགོན་སྡེ་ཁག་མང་པོའི་ནང་གཞུང་ཕྱོགས་ནས་སྟངས་འཛིན་ནན་པོའི་ཐོག་དཔེར་ན་གདན་ས་སེ་འབྲས་དགའ་གསུམ་སོགས་ཀྱི་ནང་བསླབ་པ་སློབ་གཉེར་ཚུལ་བཞིན་ཡོང་རྒྱུའི་ཐད་ལ་ཡང་དཀའ་ངལ་སྤྲོད་བཞིན་ཡོད་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་བ་དང་༧སྐུ་པར་ཉར་ཚགས་བྱེད་པ་ཚུན་ཆད་ནས་ནག་ཉེས་སུ་བརྩིས་ནས་བོད་མིའི་ཆོས་དད་རང་དབང་ཐད་ལ་ཡང་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཟླ་བ་གཅིག་གོང་ཨ་རིའི་སྲིད་འཛིན་གཞོན་པ་མའེཀ་པེནྶེ་མཆོག་གིས་ཀྱང་རྒྱ་ནག་གིས་བོད་ནང་གདུག་རྩུབ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་དང་། དེ་བཞིན་ཕྱི་ཟླ་དྲུག་པའི་ནང་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ངོས་འཛིན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎