བོད་ནང་གི་དགོན་སྡེ་ཁག་རྒྱ་ནག་གི་དྲིལ་བསྒྲཊ་ལྟེ་གནས་ལ་འགྱུར་དགོས།


2015.04.03
སྐུ་འབུམ་དགོན་པའི་བཅོ་ལྔ་མཆོད་པའི་སྐབས། ༢༠༡༥ སྐུ་འབུམ་དགོན་པའི་བཅོ་ལྔ་མཆོད་པའི་སྐབས། ༢༠༡༥
བོད་འབྱོར།

རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་རྒྱ་ནག་གི་དྲིལ་བསྒྲགས་བྱེད་ཡུལ་ལྟེ་གནས་སུ་འགྱུར་དགོས་ལུགས་བཤད་ཡོད་འདུག
དེ་ཡང་སྤྱི་ཟླ་༤ཚེས་༣གཟའ་པ་སངས་ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གྲན་ཇོན་གའོ་ཡིས་ཆུའུ་ཧྲེ་ཞེས་པའི་དུས་དེབ་ཐོག་རྩོམ་ཡིག་སྤེལ་བ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། བོད་ནང་གི་དགོན་སྡེ་ཁག་༡༧༠༠ཙམ་དང་། དགེ་འདུན་དང་བཙུན་མ་བཞི་ཁྲི་དྲུག་སྟོང་ལྷག་ཡོད་པ་རྣམས་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་བྱེད་ཡུལ་གྱི་ལྟེ་གནས་སུ་འགྱུར་དགོས་པ་མ་ཟད། དགེ་འདུན་པ་དང་བཙུན་མ་ཚོར་ཚན་རིག་སློབ་གསོ་སྤྲོད་དགོས་པ་དང་འབྲེལ་ཁོར་ཚོར་གུང་ཁྲན་ཚོགས་པའི་ཐུགས་ཁུར་ཚོར་ཐུབ་པ་བྱས་ནས་ཚོགས་པར་དགའ་ཞེན་དང་། ཚོགས་པའི་བཀའ་བཞིན་ལས་དོན་བསྒྲུབ་མཁན་གྱི་རྒྱ་ནག་གུང་ཁྲན་ཚོགས་པ་དེ་བཞིན་གྲོགས་པོ་ལྟ་བུར་ངོས་འཛིན་བྱེད་ཐུབ་པ་ཞིག་བཟོ་དགོས་ལུགས་འཁོད་ཡོད་འདུག བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་གྲན་ཇོན་གོའོ་ཡིས་སྤེལ་བའི་རྩོམ་ཡིག་དེའི་ནང་། ད་དུང་བོད་ཀྱི་དགོན་སྡེ་ཁག་ནང་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་ཤོག་སོགས་མཁོ་འདོན་བྱས་ནས་དགེ་བཙུན་ཚོར་དགོན་པའི་ནང་ནས་གསར་འགྱུར་དང་གནས་ཚུལ་མཐོང་ཐོས་ཐུབ་པའི་མཐུན་རྐྱེན་སྐྲུན་དགོས་ལུགས་སོགས་འཁོད་ཡོད་འདུག        
བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་གྲན་ཇོན་གོའོ་ཡིས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་ཆུའུ་ཧྲེ་ཞེས་པའི་དུས་དེབ་དེའི་ཐོག་རྩོམ་ཡིག་དེ་རིགས་ཤིག་སྤེལ་ཡོད་པའི་ནང་ལ་ཡང་། ངེས་པར་དུ་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་དང་བཙུན་མ་ཚོར་བསམ་བློའི་སློབ་གསོ་རྒྱབ་ནས་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུའི་ལས་དོན་གཏིང་ཟབ་སྤེལ་དགོས་པ་མ་ཟད། དགེ་འདུན་དང་བཙུན་མའི་ནང་རྒྱལ་གཅེས་དང་ཁ་བྲལ་དབྱེ་འབྱེད་གསལ་པོ་བྱས་ནས་རྒྱ་ཆེའི་དགེ་བཙུན་མང་ཆེ་བའི་བསམ་བློ་ཁྲིད་ཐུབ་པའི་ལས་དོན་འཐུས་སྒོ་ཚང་པོ་ཞིག་སྤེལ་དགོས་ལུགས་
བཤད་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎