བོད་ལུགས་རྩུབ་དཔྱད་སྨན་བཅོས་དང་སྦྱོང་བརྡར་ཟུང་འབྲེལ་གྱི་ལས་གཞི་སྤེལ་འདུག


2018.09.20
ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་བོད་ལུགས་རྩུབ་དཔྱད་སྨན་བཅོས་དང་སྦྱོང་བརྡར་ཟུང་འབྲེལ་གྱི་ལས་གཞི་སྤེལ་སྐབས། ༢༠༡༨།༩།༢༠ ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་བོད་ལུགས་རྩུབ་དཔྱད་སྨན་བཅོས་དང་སྦྱོང་བརྡར་ཟུང་འབྲེལ་གྱི་ལས་གཞི་སྤེལ་སྐབས། ༢༠༡༨།༩།༢༠
བློ་བཟང་། /RFA

དབུས་སྨན་རྩིས་ཁང་གིས་གོ་སྒྲིག་འོག་བོད་ལུགས་རྩུབ་དཔྱད་སྨན་བཅོས་དང་ཕུལ་བྱུང་གི་སྨན་པ་བསྐྱེད་བསྲིང་ཆེད་སྦྱོང་བརྡར་ཟུང་འབྲེལ་གྱི་ལས་གཞི་སྤེལ་འདུག
དེ་ཡང་སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༩ ཚེས་༡༧ ནས་༢༦ བར་ཉིན་གྲངས་བཅུ་ཡི་རིང་རྒྱ་གར་ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་དབུས་སྨན་རྩིས་ཁང་གིས་གོ་སྒྲིག་འོག་བོད་ལུགས་གསོ་རིགས་སྨན་པ་འགའ་ཞིག་ཆེད་ཕེབས་ཀྱིས་གཏར་སྲེག་བཅས་རྩུབ་དཔྱད་སྨན་བཅོས་དང་སྦྱོང་བརྡར་ཟུང་འབྲེལ་གྱིས་སྒོ་ནས་ལས་གཞི་ཞིག་སྤེལ་གནང་བཞིན་པ་དང་། བོད་ལུགས་གསོ་རིག་སྨན་པ་ཆོས་ལྡན་ལགས་ནས། སྤྱིར་སྟངས་ལས་གཞི་འདི་སྤྱི་ལོ་༢༠༡༠ ནས་བཅོ་ལྔ་བར་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་༢༣་ཙམ་གྱི་ནང་སྐོར་བསྐྱོད་ཀྱིས་གསོ་རིག་གཞུང་ལུགས་ལྟར་གཏར་བསྲེག་བཅས་རྩུབ་དཔྱད་སྨན་བཅོས་དང་སྦྱོང་བརྡར་ཟུང་འབྲེལ་གྱི་ལས་གཞི་བསྟུད་མར་སྤེལ་བ་ཡིན་ཞེས་དང་། འདི་ལོ་ཡང་རྒྱ་གར་བྱང་ཤར་བོད་མིའི་གཞིས་སྒར་སིམ་ལ་དང་། བདེ་སྐྱིད་གླིང་། ར་ཇའི་སྤུར། སྤོན་ཌ་དོན་གྲུབ་གླིང་བཅས་ས་གནས་ཁག་སོ་སོར་ཉིན་གྲངས་བཅུ་རེ་བཅུ་རེ་ལས་གཞི་འདི་སྤེལ་རྒྱུ་ཡིན་ཅེས་དང་། སྨན་བཅོས་བྱེད་སའི་ནད་པ་ལྟ་བུ་ལ་མཚོན་ན་གྲུམ་བུའི་ན་ཚ་དང་། རྩ་དཀར། ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་ནང་ཧ་ཅང་བཅོས་ཐབས་དཀའ་བའི་མགོ་ནད། གྲིབ་སྐྱོན། རྟིང་དྲེག་བཅས་ཀྱི་སྐོར་ལ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། བོད་དང་རྒྱ་གར་བཅས་མི་རིགས་སོགས་ཀྱིས་ཆ་རྐྱེན་ཅི་ཡང་མི་དགོས་པར་རིན་མེད་ངང་སྨན་བཅོས་བྱེད་ཆོག་གི་རེད་ཅེས་གསུངས་སོང་།

གསར་འགོད་པ་བློ་བཟང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎