རྒྱ་ནག་གཞུང་གིས་གོ་འཇོ་ཁུལ་གྱི་གྲོང་ཚོ་ཁག་གཅིག་གནས་སྤོར་དགོས་བའི་བཀའ་བཏང་འདུག


2018.09.28
གོ་འཇོ་ཕྱོགས་ཀྱི་ས་ཁྲ། གོ་འཇོ་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གཞུང་གིས་དབུལ་སྐྱོབ་ཕྱུག་བསྒྱུར་གྱི་ལས་གཞི་ལ་ཁ་གཡར་ནས་ཆབ་མདོ་གོ་འཇོ་ཁོངས་ཀྱི་ས་གནས་གྲོང་ཚོ་ཁག་གཅིག་གནས་སྤོར་བྱེད་དགོས་བའི་བཀའ་བཏང་འདུག
རྒྱ་ནག་གཞུང་གིས་དབུལ་སྐྱོབ་ཕྱུག་བསྒྱུར་གྱི་ལས་གཞི་ཟེར་བ་བོད་ཀྱི་ས་ཁུལ་མང་པོའི་ནང་སྤེལ་བཞིན་ཡོད་ཅིང་།  དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གོ་འཇོ་རྫོང་གི་ཁོངས་སུ་གཏོགས་པའི་ཞོང་གསོ་ཤང་གི་གྲོང་ཚོ་ཁག་དགུ་ད་ལོའི་ལོ་མཇུག་ཏུ་ས་གནས་གཞན་དུ་གནས་སྤོ་བྱས་ཟིན་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་གིས་དབུལ་སྐྱོབ་ཕྱུག་བསྒྱུར་གྱི་སྲིད་བྱུས་ཞེས་པའི་མིང་འོག་ཞོང་གསོ་ཤང་གི་གྲོང་ཚོ་ཁག་དགུ་སྟེ་ཅ་ཀ་གྲོང་ཚོ་དང་། དཔལ་ལོ་གྲོང་ཚོ། ཤ་ཡ་གྲོང་ཚོ། སྡེབ་གྲོང་ཚོ་སྟོད་སྨད་གཉིས་དང་། ཆོལ་གསུམ་གྲོང་ཚོ་སྟོད་སྨད་གཉིས། དགའ་སྣེ་གྲོང་ཚོ། དགའ་གསོ་གྲོང་ཚོ་བཅས་བསྡོམས་པའི་གྲོང་ཚོ་དགུ་ལ་བོད་ལྗོངས་ལྷ་སའི་གྲོང་ཁྱེར་ཁོངས་སུ་རྟོགས་པའི་མལ་གྲོ་གུང་དཀར་རྫོང་དང་། སྟོད་ལུང་རྫོང་། ལྷོ་ཁ་བཅས་ལ་གནས་སྤོ་བྱེད་དགོས་པའི་བཀའ་བཏང་པའི་གནས་ཚུལ་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
མིང་འབོད་མ་བྱས་པའི་གནས་ཚུལ་འབྱུང་ཁུངས་དེས་བརྗོད་པར་གཞིགས་ན།  གོ་འཇོ་རྫོང་ས་གནས་རྒྱ་ནག་སྲིད་གཞུང་གིས་བོད་མི་འདི་དག་གནས་སྤོ་བྱེད་བཅུག་དོན་ནི་ས་གནས་འདིར་རྒྱ་གཞུང་གིས་གློག་ཁང་གསར་བརྒྱག་དང་གཏེར་ཁ་སྔོག་འདོན་ཆེད་དུ་ཡིན་པར་བོད་མི་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། གྲོང་ཚོ་གཅིག་གི་བོད་མི་ཁག་ཅིག་གིས་སྒོ་ཕྱུགས་སེམས་ཅན་རྫོང་དུ་བཙོང་ཐབས་དང་། ཁ་ཤས་ཀྱིས་བཤས་རྭར་བསྐྱལ་ཐབས་བྱེད་བཞིན་པ་སོགས་གནས་སྤོ་བྱ་དགོས་ཀྱི་བཀའ་རྒྱའི་འོག་ཚུད་པའི་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག

གསར་འགོད་པ་ཟླ་བ་སྒྲོལ་མ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎