ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ལ་བོད་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་སྐོར་གསུངས་པ།

2021.03.20
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ལ་བོད་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་སྐོར་གསུངས་པ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་Antony Blinken དང་སྲིད་འཛིན་གྱི་རྒྱལ་སྲུང་སློབ་སྟོན་པ་Jake Sullivan རྣམ་གཉིས་དང་རྒྱ་ནག་གཞུང་གི་ཕྱི་འབྲེལ་སློབ་སྟོན་པ་Yang Jiechi དང་ཕྱི་སྲིད་བློན་ཆེན་Wang Yi དབར་ཨ་མི་རི་ཀའི་Alaska མངའ་སྡེའི་ནང་ལྷན་ཚོགས་སྐབས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་གནད་དོན་གྱི་གཙོས་པའི་ཨ་མི་རི་ཀར་བློ་འཚབ་ཡོད་པའི་གནད་དོན་དུ་མ་ཞིག་ཐོག་བཀའ་མོལ་ཞུ་རྒྱུ་བྱུང་སྐོར་གསུངས་འདུག
ཨེ་ཨེཕ་པི།

དེ་ཡང་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་བར་རེས་གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གཉིས་རིང་་གྲོས་མོལ་ལྷན་ཚོགས་ཤིག་གནང་ཡོད་པ་དང་ལྷན་ཚོགས་ཐོག་མར་འགོ་འཛུགས་སྐབས་ནས་རྒྱལ་སྤྱིའི་གསར་འགོད་ཀྱི་མདུན་ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱི་བར་འཁྲུག་རྩོད་ཀྱི་རྣམ་པ་ཤུགས་ཆེ་ཞིག་གསལ་སྟོན་བྱུང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་དེ་ནི་ཨ་མི་རི་ཀའི་ནང་སྲིད་འཛིན་Biden གི་གཞུང་འཛིན་གསར་པ་སླེབས་པའི་རྗེས་ཨ་མི་རི་ཀའི་གཞུང་གི་ཕྱི་འབྲེལ་དཔོན་རིགས་ནས་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་དང་དངོས་སུ་ལྷན་ཚོགས་གནང་བ་ཐོག་མ་དེ་ཡིན་པ་དང་། ཕྱི་སྲིད་དྲུང་ཆེ་Antony Blinken གིས་ལྷན་ཚོགས་མཇུག་བསྡོམ་གྱི་གསར་འགོད་ལྷན་ཚོགས་སར། ང་ཚོས་རྒྱ་ནག་གི་དཔོན་རིགས་དང་གྲོས་མོལ་ལ་མ་བཞུགས་གོང་ནས་རྒྱ་ནག་དང་རྩ་དོན་མི་མཐུན་པའི་གནད་དོན་དཔེར་ན་རྒྱ་ནག་གིས་ཤིང་ཅང་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་གཞན་ཡང་ཧོང་ཀོང་དང་བོད། ཐེ་ཝན་གྱི་གཙོས་པའི་དྲྭ་རྒྱའི་ཐོག་སིམ་འཛུལ་བྱས་པའི་གནད་དོན་བཅས་པའི་རྩ་དོན་དུ་མ་ཞིག་ཐོག་གྲོས་མོལ་བྱས་སྐབས་རྒྱ་ནག་གི་འདོད་བློར་འགྲོ་རྒྱུ་མིན་པ་ངོས་འཛིན་གསལ་པོ་ཡོད་པ་ལྟར་དང་། གནད་དོན་དེ་རྣམས་གླེང་སྐབས་རྒྱ་ནག་གི་དཔོན་རིགས་ཀྱི་ངོས་ནས་གནད་དོན་དེ་དག་ཐད་དག་གསལ་བྱ་ཐབས་ཀྱི་འབད་བཙོན་ལ་ཧང་སང་དགོས་པ་གང་ཡང་མ་བྱུང་ཞེས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎