མེ་གྷཱ་ལ་ཡ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་དགའ་ལྡན་ཆོས་གླིང་དུ་འཚམས་གཟིགས་གནང་འདུག

2022.03.01
མེ་གྷཱ་ལ་ཡ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་དགའ་ལྡན་ཆོས་གླིང་དུ་འཚམས་གཟིགས་གནང་འདུག རྒྱ་གར་མེ་གྷཱ་ལ་ཡ་མངའ་སྡེའི་སྲིད་སྐྱོང་(Satya Pal Malik)་ལགས་ཀྱིས་ཤེས་ལོངས་ས་གནས་ཀྱི་བོད་དགོན་དགའ་ལྡན་ཆོས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་གནང་སྐབས། ༠༢།༢༨།༢༠༢༢
@ཤེས་ལོངས་ས་གནས་འགོ་འཛིན།

ཟླ་བ་སྔོན་མའི་ནང་ཤེས་ལོངས་(Shillong)་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། དེ་བཞིན་དགའ་ལྡན་ཆོས་གླིང་དགོན་པའི་མཁན་རིན་པོ་ཆེ་དང་ས་འཐུས་ཚོགས་གཙོ་བཅས་མེ་གྷཱ་ལ་ཡ་(Meghalaya)་མངའ་སྡེའི་སྲིད་སྐྱོང་སཏྱ་པཱལ་མ་ལིཀ་(Satya Pal Malik)་ལགས་ཀྱི་བཞུགས་གནས་སུ་ཆེད་བཅར་གྱིས། ཁོང་ལ་བོད་དགོན་དགའ་ལྡན་ཆོས་གླིང་དུ་འཚམས་གཟིགས་གནང་སྐྱོང་ཡོང་བའི་མགྲོན་འབོད་ཞུས་པ་བཞིན་ཕྱི་ཟླ་༢་ཚེས་༢༨་ཉིན་མངའ་སྡེའི་སྲིད་སྐྱོང་མཆོག་བོད་དགོན་དགའ་ལྡན་ཆོས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་འདུག སྐབས་དེར་ས་གནས་བོད་ཀྱི་གནད་ཡོད་མི་སྣ་དང་། མི་མང་སློབ་ཕྲུག་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། ཤེས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་ཞལ་པར་བརྒྱུད་གསུངས་ན། མངའ་སྡེའི་སྲིད་སྐྱོང་སཏྱ་པཱལ་མ་ལིཀ་ལགས་ཤེས་ལོངས་ནང་གི་བོད་དགོན་དགའ་ལྡན་ཆོས་གླིང་དུ་སྲིད་སྐྱོང་ཞིག་འཚམས་གཟིགས་ཕེབས་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་ནི་ནང་པ་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་འདུག ཁོང་ནས་དེ་སྔ་༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་འགའ་ཤས་ཞུས་མྱོང་ཡོད་པ་དང་མ་འོངས་པར་ཡང་ཁོང་༧གོང་ས་མཆོག་མཇལ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་། ས་གནས་སུ་ནང་པའི་རིག་གཞུང་བསྟི་གནས་ཁང་གསར་རྒྱག་གི་ལས་གཞི་འགྲོ་བཞིན་པ་ལ་བསྔགས་བརྗོད་དང་། མ་འོངས་པར་བསྟི་གནས་ཁང་དེ་བརྒྱུད་ནང་པའི་ལྟ་གྲུབ་དང་ནང་པའི་ཚན་རིག་ཐོག་སློབ་གཉེར་བྱ་རྒྱུའི་འདོད་པ་ཡོད་མཁན་ཚོ་ལ་ཕན་ཐོག་ཆེན་པོ་ཡོང་ངེས་ཡིན་པ་གསུངས་ཡོད་པ་མ་ཟད། ཁོང་ནས་རྒྱ་གར་དང་བོད་བར་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཆོས་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་སྐོར་གསུངས་གནང་ཡོད་པ་རེད་འདུག
ད་དུང་ས་གནས་འགོ་འཛིན་མཆོག་གིས། ད་རེས་མངའ་སྡེའི་སྲིད་སྐྱོང་མཆོག་ཤེས་ལོངས་ནང་གི་ནང་པའི་དགོན་པ་དགའ་ལྡན་ཆོས་གླིང་དུ་འཚམས་གཟིགས་ཕེབས་པ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོང་ལ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་པ་གསུངས་བྱུང་།
རྒྱ་གར་གཞུང་དམངས་གཉིས་ནི། བོད་མིར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེ་བས་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་སྟེ་སྲིད་སྐྱོང་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་འབུལ་ཡོད་པ་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎