ཨའོསྀ་ཊརེ་ལི་ཡས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་ཚབ།


2019.02.26
ཨའོསྀ་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་མ་རཱིསྀ་ པེཡིན་(Marise Payne)་མཆོག 2019/2 ཨའོསྀ་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་མ་རཱིསྀ་ པེཡིན་(Marise Payne)་མཆོག 2019/2
Marise Payne/FB

ཨའོསྀ་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་མ་རཱིསྀ་ པེཡིན་(Marise Payne)་མཆོག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་ཚབ་ཆེན་པོ་ཡོད་པ་གསུངས་འདུག
བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གིས་བརྩི་མེད་ཚབས་ཆེ་གཏོང་བཞིན་པ་དེར་ཐུགས་འཚབ་ཆེན་པོ་ཡོད་སྐོར་ཨའོསྀ་ཊརེ་ལི་་ཡའི་ཕྱི་སྲིད་བློན་ཆེན་ལྕམ་མ་རཱིསྀ་ པེཡིན་(Marise Payne)་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཨའོསྀ་ཊརེ་ལི་ཡའི་ཀེ་སྦེ་ར་གྲོང་ཁྱེར་གྱི་བོད་རིགས་སྤྱི་མཐུན་ཚོགས་པར་ཕྱག་བྲིས་ཤིག་གནང་འདུག་པ་དེའི་ནང་བཀོད་འདུག
ཀེན་སྦེ་ར་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ལོ་ ༢༠༡༨ ཀྱི་ཕྱི་ཟླ་ ༡༢ ནང་ཨའོསྀ་ཊརེ་ལི་ཡའི་གཞུང་ལ་བོད་དོན་ཐད་སྲིད་ཇུས་ཇི་ཡིན་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་ཕྱོགས་ཇི་ཡིན་སོགས་འཁོད་པའི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད།
ཨའོསྀ་ཊརེ་ལི་ཡའི་(Australia)ཕྱི་སྲིད་བློན་ཆེན་ལྕམ མ་རཱིསྀ་ པེཡིན་ ་(Marise Payne)་མཆོག་གིས་གནང་བའི་ཕྱག་ཡིག་དེའི་ནང་།  ཀེན་སྦེ་ར་བོད་རིགས་ཚོགས་པས་གནང་པའི་ཕྱག་བྲིས་དེ་སྲིད་བློན་ སཀོཊ་ མོ་རི་སོན་ མཆོག་གིས་ཀྱང་གཟིགས་ཞིབ་གནང་ལུགས་གསུངས་པ་དང་།  ཨའོསྀ་ཊརེ་ལི་ཡའི་(Australia)་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐུགས་ཚབ་ཆེན་པོ་ཡོད་པ་སྤྱི་དང་། ལྷག་དོན་དུ་བོད་ནང་ཞི་བའི་ཐོག་ནས་རང་གི་ཆབ་སྲིད་ཀྱི་བསམ་ཚུལ་འདོན་མཁན་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དང་བོད་མིའི་འགྲུལ་བཞུད་ཐོག་དམ་བསྒྲགས་བྱེད་མུས་ཐོག རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོབ་ཐང་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་སེམས་ཁྲལ་ཆེན་པོ་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་དང་འབྲེལ་ཡོད་དཔོན་རིགས་རྣམས་བོད་ནང་ཕེབས་འཇུག་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད་ཅེས་དང་།
དེ་བཞིན་ཨའོསྀ་ཊརེ་ལི་ཡའི་(Australia)་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་སྐོར་རྒྱ་ནག་ལ་ཡང་ཡང་གླེང་སློང་གནང་གི་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བཅའ་བཞུགས་ཨའོསྀ་ཊརེ་ལི་(Australia)་གཞུང་ཚབ་ཆེན་མོས་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་དོན་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཞུ་བསྐུལ་གནང་གི་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
དེ་བཞིན་ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༡༠་ཚེས་༨་ནས་ཕྱི་ཟླ་༡༡་པའི་ཚེས་༦་བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བསྐྱར་ཞིབ་གནང་སྐབས་ཨོཨའོསྀ་ཊརེ་ལི་ཡའི་(Australia)་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བ་མ་ཟད། སྔ་ལོའི་ཕྱི་ཟླ་༡༡་ཚེས་༨་ཉིན་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཨའོསྀ་ཊརེ་ལི་ཡའི་(Australia)་ཐུགས་ཚབ་གནང་གི་ཡོད་ལུགས་ཞུས་པ་ཡིན་ཞེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎