འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་བདུན་བཞག་འདུག

2020.12.16
འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་བདུན་བཞག་འདུག འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག ༡༢།༡༥།༢༠
BTSM

རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་ཆེད་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་ཚོགས་འདུག
རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་ཆེད་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་(Guwahati)གྷོ་ཝ་ཧ་ཊིར་ཚོགས་ཡོད་འདུག
འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་ལོ་གཉིས་རེས་མཚམས་སུ། རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་སྐོང་ཚོགས་གནང་གི་ཡོད་པ་བཞིན། འདི་ལོའི་ཚོགས་ཆེན་དེ་རྒྱ་གར་བྱང་ཤཪ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་ཟླ་བ་འདིའི་ཕྱི་ཚེས་༡༥དང་༡༦བཅས་ཉིན་གཉིས་རིང་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་དེ་བཞིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་ཆེད་ཡིན་སྐོར་ཚོགས་འདུའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཁོང་གིས། ད་རེས་ཀྱི་ཚོགས་ཆེན་ཐོག་ད་ལྟའི་འཛམ་གླིང་གི་གནས་བབ་ཐོག་བོད་ཀྱི་རང་དབང་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་བཏང་དང་གཏོང་བཞིན་པ། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཉིད་ཚགས་ཚུད་སྲ་བརྟན་ཡོང་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་གོ་བསྡུར་གནང་པ་བརྒྱུད། གྲོས་ཆོད་ཁག་བདུན་བཞག་ཡོད་པ་དང་། གྲོས་ཆོད་དེ་དག་དང་པོ་ཕྱི་ལོ་༢༠༢༡ལོའི་ནང་གྷོ་ཝ་ཧ་ཊི་ནས་རྟ་དབང་དང་བོད་ཀྱི་ས་མཚམས་བར་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མི་༡༠༠༠མཉམ་ཞུགས་གནང་རྒྱུ། གཉིས་པ་གཙང་ཆུ་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་རྒྱུ། གསུམ་པ་རྒྱལ་ཞེན་ཆེད་དུ་ཁྲག་སྦྱིན་གྱི་ལས་འགུལ་སྤེལ་རྒྱུ། བཞི་པ་ཚོགས་པ་ཚགས་ཚུད་དང་རྒྱ་བསྐྱེད་ཆེད་དུ་དཔལ་འབྱོར་བསྡུ་རུབ་གནང་རྒྱུ། ལྔ་པ་ཚོགས་པ་ཚགས་ཚུད་དང་རྒྱ་བསྐྱེད་ཀྱི་དགོས་མཁོ་གཙོ་བོ་དེ་བོད་ཀྱི་རྩ་དོན་དང་རྒྱ་གར་ཀྱི་སྲུང་སྐྱོབ་ཆེད་དུ་ཡིན་པ། དྲུག་པ། ད་ལྟའི་དུས་སྐབས་འདིར་རྒྱ་ནག་ནི་རྒྱ་གར་གཙོས་པའི་འཛམ་གླིང་ནང་གི་རྒྱལ་ཁབ་མང་པོ་ཞིག་ལ་རྩོད་རྙོག་སློང་མཁན་གྱི་རྒྱལ་ཁབ་ཞིག་ཆགས་ཡོད་དུས། ཚོགས་པའི་ངོས་ནས་དེ་བཞིན་གྱི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ། བདུན་པ་བོད་ཀྱི་རྩ་དོན་ཆེད་དུ་བྲིས་རྩོམ་གང་མང་སྤེལ་རྒྱུ་སོགས་ཡིན་པ་རེད་འདུག
ཡང་ཐེངས་འདིའི་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་སྐབས། འཛམ་གླིང་ནང་བོད་པའི་གནད་དོན་དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱབ་སྐྱོར་ཐོག་ནས་ནུས་པ་ཤུགས་ཆེན་པོ་ཐོན་གྱི་ཡོད་པ་བཞིན། འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་ཀྱང་མུ་མཐུད་དུ་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ད་རེས་ཀྱི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་(Shri Indresh Kumar)ཨིན་དི་རེ་ཤི་ཀུ་མར་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་(RK Khrimey)ལགས། གཞན་ཧིན་རྡུའི་བླ་ཆེན་ཁག་དང་དམིགས་བསལ་སྐུ་མགྲོན་བཅས་ས་གནས་འདྲ་མིན་ནས་ཚོགས་བཅར་བ་༡༥༠ལྷག་ཕེབས་ཡོད་པ་རེད་འདུག
འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༩༩ལོར་སྐུ་ཞབས་ཨིན་དི་རེཤ་ཀུམཱར་ལགས་ཀྱིས་སྣེ་ཁྲིད་ནས་གསར་བཙུགས་གནང་པ་ཞིག་དང་། ད་ལྟའི་ཆར་ཚོགས་པ་དེ་རྒྱ་གར་རྒྱལ་ཡོངས་ནང་གི་མངའ་སྡེ་ཕལ་ཆེ་བའི་ནང་ཡན་ལག་ཚོགས་པ་ཡོད་པ་རེད། སྤྱིར་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དག་ཞིག་ཡོད་ན་ཡང་འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་སྲིད་དོན་ཚོགས་པ་དང་། སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་འཛོམས་ཀྱི་ཚོགས་པ་ཞིག་ཆགས་ཀྱི་ཡོད་དུས། ད་བར་ཚོགས་པ་དེ་ཚགས་ཚུད་ངང་གནས་ཐུབ་པ་དང་གྲུབ་འབྲས་ཐོན་པའི་ལས་དོན་ཡང་མང་དག་ཞིག་སྤེལ་ཐུབ་པ་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎