ཨ་རུ་ན་ཅལ་བོད་དོན་རྒྱབ་སྐྱོར་ཚོཊ་པས་རྒྱ་ནག་གཞུང་ལ་ནན་སྐུལ།


2017.05.29
ཨ་རུ་ན་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ལ་ནན་སྐུལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག།
༧དཔལ་ལྡན་སྐུར་སྒེར་དྲ་གནས།

༄༅། །རྒྱ་གར་བྱང་ཤར་ཨ་རུལ་ནལ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ལ་དབུས་བོད་མིའི་སྒྲིག་འཛུགས་དང་གྲོས་མོལ་་སླར་གསོ་བྱེད་པའི་ཐོག་ནས་བོད་དོན་ཐག་གཅོད་དགོས་སྐོར་ནན་སྐུལ་བྱས་འདུག
ཕྱི་ཚེས་༢༧ཉིན་རྒྱ་གར་གྱི་བརྒྱུད་ལམ་ནང་སྤེལ་བའི་གནས་ཚུལ་ལྟར་ན་གོང་ཞུས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བོད་དོན་ཚོགས་པ་དེའི་ཚོགས་གཙོ་Gicho Kabak གཙོས་པའི་སྐུ་ཚབ་འཐུས་མི་ཁག་ཅིག་གིས་གཟའ་ཕུར་བུའི་ཕྱི་ཚེས་༢༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག།  དེའང་རྒྱ་གར་གྱི་ཉིན་རེའི་ཚགས་པ་Indian Expressབརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། རྒྱབ་སྐྱོར་ཚོགས་པ་དེས་མཇལ་བཅར་ཞུས་རྗེས་ཀྱི་གསར་འགོད་གསལ་བསྒྲཌ་ཤིག་སྤེལ་བའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་བཙན་རྩོད་གནང་གི་མེད་པ་མ་ཟད། བོད་མི་ཚོས་རྒྱ་མི་རིགས་ལ་ཡང་ཁ་གཏད་གཅོག་གི་མེད་པ་རེད། ཁོང་ཚོས་གཉིས་ཕན་དབུ་མའི་ལམ་གཞིར་བཟུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་འདུན་སྟོན་གྱི་ཡོད་པ་རེད་ཅེས་བཀོད་ཡོད་འདུག། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་གར་རྒྱབ་སྐྱོར་ཚོགས་པ་དེས་བོད་དོན་རྒྱབ་སྐྱོར་གནང་བ་དང་གདུང་སེམས་མཉམ་སྐྱེད་གནང་བར་ལ་ཐུགས་རྗེ་ཆེ་ཞེས་གསུངས་གླེང་བསྩལ་འདུག ད་དུང་གོང་ཞུས་ཚོགས་པ་དེས་གསར་འགོད་བསྒྲགས་གཏམ་དེའི་ནང་སྤྱི་ལོ་༡༩༧༩ལོར་རྒྱ་ནག་གི་འགོ་འཁྲིད་ཏིང་ཤའོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་རང་བཙན་མ་གཏོགས་གཞན་གནད་དོན་གང་གི་ཐོག་ཡིན་ན་ཡང་གྲོས་མོལ་ཐོག་ནས་སེལ་ཐུབ་ཀྱི་རེད་ཅེས་གསུངས་པ་ལ་༧གོང་ས་མཆོག་གིས་རེ་བ་ཆེན་པོ་གནང་ཡོད་ལུགས་ཚོགས་པ་དེས་དོ་སྣང་བྱུང་བ་བརྗོད་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པ་དེས་༧གོང་ས་སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ། བོད་ཀྱི་གནད་དོན་མ་སེལ་གྱི་བར་དུ་བོད་མི་དང་བོད་དོན་ཆེད་གོ་རྟོགས་སྤེལ་རྒྱུའི་དུས་དེབ་འགྲེམས་སྤེལ་བྱེད་རྒྱུ་དང་བགྲོ་གླེང་ཚོགས་འདུ་ལ་སོགས་བསྐོང་ཚོགས་བྱས་པ་བརྒྱུད་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུའི་ཁས་ལེན་ཡང་ཞུས་འདུག། ད་ལམ་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་ཁོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་GichoKabakདང་ཚོགས་གཞོན་མངའ་སྡེའི་བློན་ཆེན་ཟུར་པ་Tanyong Tatak ལགས་དང་སྤྱི་ཁྱབ་དྲུང་ཆེ་Anok Wangsa སོགས་སྐུ་ཚབ་འཐུས་མི་ལྔ་ལས་གྲུབ་ཡོད་པ་རྣམས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎