ཧྥ་རན་སིར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ས་གནས་གཞན་དུ་སྤོར་དགོས་བྱུང་འདུག

2021.02.25
ཧྥ་རན་སིར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ས་གནས་གཞན་དུ་སྤོར་དགོས་བྱུང་འདུག ཧྥ་རན་སིར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྐབས། ༢།༢༤།༢༡
Tsultrim Chodak/FB

བསྟན་པ་དར་རྒྱས་ལགས་ཀྱིས་ཧྥ་རན་སིའི་རྒྱལ་སར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པ་ས་གནས་ཉེན་རྟོག་པས་བཀོད་ཁྱབ་བཏང་ནས་ས་གནས་གཞན་དུ་སྤོར་བཅུག་འདུག
བསྟན་པ་དར་རྒྱས་ལགས་ཀྱིས་ཉེ་ལམ་བོད་ཀྱི་ལོ་གསར་ཚེས་༡ཉིན་ནས། ཧྥ་རན་སིའི་རྒྱལ་སར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བར་ལོ་གསར་ཚེས་༤ནས་ལྷ་རི་ཡེ་ཤེས་ལགས་མཉམ་ཞུགས་གནང་། ལས་འགུལ་དེ་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཐེངས་༦༢བའི་དུས་དྲན་བར་སྤེལ་རྒྱུའི་འཆར་གཞི་ཡིན་ནའང་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་གྱི་དུས་ཚོད་ཐུང་དུ་གཏོང་དགོས་ལུགས་བརྗོད་ཡོད་འདུག
བསྟན་པ་དར་རྒྱས་ལགས་ཀྱིས་ཁོང་གི་ངོ་དེབ་ཐོག བོད་དོན་ལས་འགུལ་དེར་ས་གནས་མི་མང་ཁྲོད་དོ་སྣང་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ས་གནས་ཉེན་རྟོག་པ་ཡོང་ནས། ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་ཁོང་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་སེམས་འཚབ་ཡོད་ལུགས་སོགས་ཀྱི་རྒྱུ་མཚན་མང་དག་ཅིག་བཤད་ནས། ལས་འགུལ་དེ་པེ་རིས་འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་ནས་(Place de la republique)ལས་འགུལ་སྤེལ་ཡུལ་ས་གནས་སུ་སྤོར་བཅུག་པ་མ་ཟད། ལས་འགུལ་སྤེལ་ཆོག་པའི་དུས་ཡུན་ཉུང་འཕྲི་བྱས་ཡོད་པ་བརྗོད་འདུག

IMG_0338.JPG

དེ་བས་འདི་ཚེས་༢༤ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བསྟན་པ་དར་རྒྱས་ལགས་དང་ལྷ་རི་ཡེ་ཤེས་ལགས་ཀྱིས། བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་ལས་འགུལ་སྤེལ་ཡུལ་དུ། ཡོ་རོབ་ཁུལ་ཀྱི་ས་གནས་བོད་མི་༢༠༠ཙམ་འདུ་འཛོམས་གནང་སྟེ། ཉེ་ཆར་རྒྱ་ནག་གཞུང་གི་བཙན་གནོན་འོག་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས། དམ་པ་དེ་ཉིད་གཙོས་པའི་བོད་དོན་ཆེད་དུ་ལུས་སྲོག་བློས་བཏང་གནང་མཁན་བོད་མི་རྣམས་ལ་མྱ་ངན་གུས་འདུད་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་པའི་བྱ་སྤྱོད་མཚམས་འཇོག་དགོས་པ་དང་། བོད་ལ་རང་དབང་དགོས་པ། རྒྱ་ནག་གཞུང་གིས་བཙོན་ཁང་ནང་བོད་མིར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ། བོད་ནང་སྨྲ་བརྗོད་རང་དབང་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་སྐད་འབོད་གནང་ནས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ནས་ཁོང་གཉིས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎