བོད་ཀྱི་རྒྱལ་དར་ཨ་རིའི་གྲོང་སྡེ་ལས་ཁུངས་ཞིག་གི་མདུན་སྒྲེང་འཛུཊ།


2017.03.02
ཨ་རིའི་(California)མངའ་སྡེའི་(Richmond)གྲོང་སྡེ་ལྷན་ཚོཊ་ཀྱིས་ལས་ཁུངས། ༢༠༡༧།༣།༡ ཨ་རིའི་(California)མངའ་སྡེའི་(Richmond)གྲོང་སྡེ་ལྷན་ཚོཊ་ཀྱིས་ལས་ཁུངས། ༢༠༡༧།༣།༡
བཀྲ་ཤིས་དབང་ཕྱུག/RFA

ཨ་རིའི་(California)མངའ་སྡེའི་(Richmond)གྲོང་སྡེ་ལྷན་ཚོཊ་ཀྱིས་ལས་ཁུངས་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད།
ཨ་རིའི་ནུབ་རྒྱུད་དུ་ཆགས་པའི་(California)མངའ་སྡེའི་(Richmond)གྲོང་སྡེ་ལས་ཁུངས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་གྲོང་སྡེ་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་རྒྱུའི་ཞལ་བཞེས་གནང་འདུག
འདི་ག་རླུང་འཕྲིན་ཁང་གི་ཨ་རི་བྱང་ཕྱོགས་ཀྱི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་གསུམ་པའི་ཚེས་༡སྟེ་བོད་ཀྱི་ལོ་གསར་ཚེས་༣་ཉིན་བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་དང་། རྒྱུན་ལས་ཚོགས་མི་བཅས་ཀྱིས་(Richmond)གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་སྐུ་ཞབས་(Tom Butt)མཆོག་ལ་ལོ་གསར་འཚམས་འདྲི་དང་། སྤྱི་མཐུན་ཚོགས་པའི་བདེ་སྡུག་སྙན་སེང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སླད་དུ་ཆེད་བཅར་ཞུས་པའི་སྐབས། ཁོང་རྣམ་པས་བོད་ཀྱི་རྒྱལ་དར་ཞིག་ཀྱང་འབུལ་ལམ་ཞུས་པར་སྤྱི་ཁྱབ་པ་སྐུ་ཞབས་(Tom Butt)མཆོག་གིས་བོད་ཀྱི་རྒྱལ་དར་འདི་རིང་མིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་ནས་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་བདུན་ཕྲག་གཅིག་རིང་སྒྲེང་འཛུགས་གནང་རྒྱུ་ཡིན་པ་གསུངས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎