དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས།

2021.02.08
དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས། དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་སྐབས། ༠༢།༠༨།༢༡
RFA/Dhasa

འོས་བསྡུ་ལས་ཁང་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་གནང་བའི་ནང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་ཨ་རིའི་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་གཉིས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞིར་སླེབས་འདུག
ཕྱི་ཟླ་༢ཚེས་༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས། ༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་དངོས་སུ་ཕྱིར་བསྒྲགས་བྱས་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་ཟུར་བ་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༢༣༧༦༢དང་། ཨ་རིའི་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཌྷོས་གྲངས་༡༤༠༣༡། རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་༡༣༡༧༡། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་འོས་གྲངས་༡༠༠༡༡། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་འོས་གྲངས་༩༨༣། སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་འོས་གྲངས་༢༢༡བཅས་ཐོབ་འདུག
*༼གཞུང་འབྲེལ་ནོར་བཅོས་ཁ་སྣོན་བྱས་ཡོད།

དབུས་འོས་བསྡུ་ལས་ཁང་ནས་༢༠༢༠ཟླ་༩ཚེས་༢༨ཉིན་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་ཚད་གཏན་འབེབས་ཞུས་བ་སྒྲིག་གཞི་དགོངས་དོན་ལྟར་༢༠༢༡ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་མི་གྲངས་གཉིས་ལ་གཏན་འབེབས་ཐག་ཐག་གཅོད་ཞུས་པ་ཡིན་ཞེས་གསལ་བ་ལྟར། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་། ཨ་རིའི་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་གཉིས་དངོས་གཞིའི་འོས་མིའི་ནང་སླེབས་ཡོད་པ་གསལ་བསྒྲགས་གནང་ཡོད།

penba-tsering.jpg
སྐབས་དེར་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་གནང་བའི་ནང་། ཆོལ་ཁ་གསུམ་ནས་སྤྱི་འཐུས་འོས་མི་སུམ་བཅུ་རེ་དང་། ཆོས་བརྒྱུད་ཁག་སོ་སོ་ནས་འོས་མི་དྲུག་རེ། ལྷོ་བྱང་ཨ་རི་ཁུལ་ནས་འོས་མི་དྲུག ཡོ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་ནས་དྲུག རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤེ་ཡ་ཁུལ་ནས་གསུམ་བཅས་གསལ་བསྒྲགས་གནང་སོང་། ཕྱི་ཟླ་༣ཚེས་༢༡ཉིན་གོང་གི་གསལ་བསྒྲགས་གནང་བའི་འོས་མིའི་ཁོངས་ནས་དགོངས་ཞུ་བྱེད་མཁན་ཕུད་སྒྲིག་མཐུན་གྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་རྒྱུ་ལགས་ན། དེའི་རྗེས་སུ་མ་གཏོགས་སྲིད་སྤྱིའི་འོས་མི་སོ་སོ་དང་། རྒྱབ་སྐྱོབ་གནང་མཁན། གསར་འགྱུར་བརྒྱུད་ལམ་ཆེ་ཁག སྤྱི་ཚོགས་དྲ་ལམ་སོགས་ནས་སྤྱི་ཚོགས་ལྷིང་འཇགས་ལ་དགོངས་ཏེ་འོས་བསྡུའི་གསལ་བསྒྲགས་རིགས་གནང་ཆོག་གི་མ་རེད་ཅེས་གསུངས་གནང་སོང་།
ད་རེས་དབུས་འོས་བསྡུ་ལས་ཁང་གི་ཡིག་ཆ་ལྟར་ན། ཕྱི་ལོ་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་འབྲུག་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་༢༥ཡི་ས་གནས་ཁག་༥༧ ནང་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་༨༢༩༦༩བྱུང་ཡོད་པ་དང་། དེའི་ཁྲོད་བརྒྱ་ཆ་༧༦་༧༨ཀྱིས་འོས་འཕངས་ཡོད་འདུག་ལ། ༢༠༢༡ཟླ་༣ཚེས་༢༡ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་དང་། ཕྱི་ཟླ་༤ཚེས་༡༡ཉིན་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎