ཐེ་ཝན་ནང་བོད་དོན་ཆེད་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ།


2017.03.02
ཐེ་ཝན་ནང་བོད་དོན་ཆེད་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་སྐབས། 2017/1/31 ཐེ་ཝན་ནང་བོད་དོན་ཆེད་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་སྐབས། 2017/1/31
F Lim/FB

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་བོད་མི་སྐོར་ཞིག་གིས་སྣེ་ཁྲིད་དེ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆ་ཤས་སུ་ཐེ་ཝན་གྲོས་ཚོཊ་ཀྱི་མདུན་དུ་འདུ་འཛོམས་ཀྱིས་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་འདུག
དེ་ཡང་ཐེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། འདི་ཚེས་༡་ཉིན་མི་གྲངས་༢༠་ཙམ་གྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། བོད་རང་བཙན་ཡིན་སོཊ་ཀྱི་སྐད་འབོད་བྱེད་བཞིན་ལྕགས་རྟ་ཞོན་ནས་ཐེ་པེ་གྲོང་ཁྱེར་དཀྱིལ་དུ་སྐོར་སྐྱོད་གནང་འདུག གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་གཟའ་འཁོར་རེར་ཐེངས་རེ་ལྕགས་རྟའི་སྐོར་སྐྱོད་བྱེད་པའི་ལས་འགུལ་ཞིག་ཡིན་ཞིང་།      ལས་འགུལ་ནང་ཞུཊ་མཁན་བུད་མེད་ལི་ཡིས། བོད་ནང་དུ་ངོ་རྒོལ་ལས་འགུལ་བསྟུད་མར་འབྱུང་བཞིན་ཡོད་པས། ང་ཚོས་ཅི་ཡང་མི་བྱེད་པར་སྡོད་མི་རུང་ཞེས་གསུངས་འདུག ཁོང་མོ་ནི་རྒྱལ་སྤྱིའི་བོད་དོན་མཉམ་འབྲེལ་ཚོཊ་པའི་ཤར་ཨེ་ཞིས་ཡའི་ཡན་ལག་ཚོཊ་པའི་ཆེད་ལས་པ་ཞིག་ཡིན་པ་རེད།
ཡང་ཐེ་ཝན་བོད་རིཊ་ཚོཊ་པའི་ཚོཊ་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་པོར་རང་དབང་མེད་སྟབས་འཛམ་གླིང་གི་ཡུལ་གྲུ་གང་སར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་གལ་ཆེན་ཡིན་ཞེས་གསུངས་འདུག
ཐེ་ཝན་གྲོས་ཚོཊ་ཀྱི་NPPའམ་དུས་རབས་ཀྱི་སྟོབས་ཤུགས་ཞེས་པའི་ཆབ་སྲིད་ཚོཊ་པའི་འཐུས་མི་ཁོ་ལུའུ་ལིས་ཡུང་ཕ་ས་ཌེལ་ལགས་ཀྱིས་ང་ཚོས་རང་ཡུལ་ནང་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མི་ཐུབ་པའི་དངོས་འབྲེལ་གནས་སྟངས་ཡོད་པས་ང་ཚོས་བོད་མིའི་རང་དབང་དང་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་དགོས་ངེས་ཅན་རེད་ཅེས་གསུངས་འདུག
NPP་ཆབ་སྲིད་ཚོཊ་པའི་འཐུས་མི་ཧྥི་རེ་ཌིས་ལིམ་གྱིས་ཐེ་ཝན་གྱིས་བོད་མི་ཚོར་ཡུལ་འདིར་སློབ་སྦྱོང་དང་ལས་ཀ་བྱེད་པའི་གོ་སྐབས་སྤྲོད་འོས་པ་མ་ཚད། གསུམ་བཅུའི་དུས་དྲན་སྲུང་བརྩིའི་གོ་སྐབས་བཟུང་ཏེ་སླར་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་དུ་གདན་ཞུ་འབུལ་རྒྱུའི་འབད་བརྩོན་གནང་དགོས་པ་དང་།  ༧གོང་ས་མཆོག་ཆིབས་བསྒྱུར་གྱི་ནམ་དུས་ཀྱང་ཐ་ཝན་གྱིས་ཐག་གཅོད་གནང་བ་ལས་རྒྱ་ནག་གིས་ཐག་གཅོད་གནང་ཐབས་མེད་ཅེས་གསུངས་འདུག།

གསར་འགོད་པ་སྟག་ལྷ་རྒྱལ་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎