རྒྱ་ནག་གིས་བོད་ནང་ཆུ་མཛོད་གློག་འདོན་ཁང་ཆེ་ཤོས་རྒྱབ་པ།


2015.10.13
ཡར་ཀླུངས་གཙང་པོའི་སྟེང་ཆུ་མཛོད ཡར་ཀླུངས་གཙང་པོའི་སྟེང་ཆུ་མཛོད།
AFP

རྒྱ་ནག་གིས་བོད་ཀྱི་ཡར་ཀླུངས་གཙང་པོའི་སྟེང་ཆུ་མཛོད་རྒྱབ་སྟེ་གློག་གི་ནུས་པ་འདོན་རྒྱུའི་ལས་འཆར་དེ་ད་ཆ་མཇུག་བསྒྲིལ་ཡོད་འདུག
དེ་ཡང་རྒྱ་ནག་གིས་བོད་ཀྱི་ཡར་ཀླུངས་གཙང་པོའི་སྟེང་ཆུ་མཛོད་རྒྱབ་སྟེ་གློག་གི་ནུས་པ་འདོན་རྒྱུའི་ལས་འཆར་དེ་ད་ཆ་མཇུག་བསྒྲིལ་ཡོད་པ་དང་། ཆུ་མཛོད་དེའི་ཐོག་ནས་གློག་གི་ནུས་པ་མཁོ་འདོན་བྱ་རྒྱུའི་ལས་འཆར་དེ་ནི་བོད་ནང་ཆུའི་ནུས་ཤུགས་རྒྱུད་དེ་གློག་གི་མཐུན་རྐྱེན་མཁོ་སྒྲུབ་བྱ་བའི་ལས་འཆར་ཆེ་ཤོས་གྲས་ཤིག་ཡིན་ལུགས་གློག་འདོན་ཆུ་མཛོད་ལས་འཆར་ཚོང་ལས་ཁང་གིས་དེ་རིང་གསལ་བསྒྲགས་བྱས་ཡོད་པ་རེད།
ཡར་ཀླུངས་གཙང་པོའི་སྟེང་གི་ཆུ་མཛོད་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་༡༤༠འི་མཚམས་སུ་འཛུགས་བསྐྲུན་བྱས་ཡོད་ཅིང་། རྒྱ་ནག་ནང་ཆུ་མཛོད་འཛུགས་བསྐྲུན་བྱེད་མཁན་བཟོ་ལས་སྒྲིག་འཛུགས་ཆེ་ཤོས་ཀོ་ཀྲོའུ་པ་ཞེས་པས་དྲ་རྒྱའི་ཐོག་ལ་གནས་ཚུལ་སྤེལ་བར་གཞིགས་ན། ཡར་ཀླུངས་གཙང་པོིའི་སྟེང་གི་གློག་འདོན་ཆུ་མཛོད་དེའི་ཐོག་ཨ་སྒོར་ཐེར་འབུམ་གཉིས་མིན་ཙམ་བཏང་ཡོད་པ་རེད་ལ་ལས་འཆར་དེའི་ཐོག་མ་རྩ་འཛུགས་མཁན་ནི་རྒྱ་ནག་གི་གློག་ཤུགས་ནུས་པའི་ཁེ་ལས་ཚོང་ཚོགས་ཧ་ནེང་ཞེས་པ་དེ་ཡིན་པ་རེད།
རྒྱང་ཐག་སྤྱི་ལེ་༢༩༠༠བར་རྒྱུག་བཞིན་པའི་ཆུ་བོ་ཡར་ཀླུང་གཙང་པོ་བོད་ནས་ལྷོ་ཤར་བརྒྱུད་རྒྱ་གར་གྱི་བྱང་ཤར་མངའ་སྡེ་Arunachalནང་རྒྱུག་བཞིན་པ་དང་། དེ་ནས་བྷང་ལ་དེ་ཤི་བརྒྱུད་མཐར་རྒྱ་གར་གྱི་མཚོའི་ནང་འདྲེས་འགྲོ་བ་རེད།
རྒྱ་ནག་གིས་ཡར་ཀླུངས་གཙང་པོའི་སྟེང་གློག་གི་ནུས་པ་མཁོ་འདོན་ཆེད་དུ། ཆུ་རག་དང་ཆུ་མཛོད་མང་པོ་གསར་རྒྱག་བྱས་ཏེ་རྒྱ་གར་ནང་Brahmaputraཟེར་བའི་རྒྱུག་ཆུའི་ནུས་ཤུགས་ཆུང་དུ་གཏོང་ཉེན་ཡོད་པར། རྒྱ་གར་གྱི་ཕྱོགས་ནས་བློ་འཚབ་གསལ་སྟོན་ལན་མང་བྱས་ཡོད་པར་བརྟེན་བོད་ནས་རྒྱ་གར་ཕྱོགས་སུ་རྒྱུག་པའི་གཙང་པོའི་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུའི་ཐད་ལ་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོ་སྤྲོད་ཀྱི་ཡོད་ལ་རྒྱ་གར་གྱི་འབྲེལ་ཡོད་བློ་འཚབ་ཐོག་ལ་རྒྱ་ནག་གི་ངོས་ནས་བསམ་གཞིགས་ཀྱིས་དེའི་ཐད་རྒྱལ་ཁབ་ཕན་ཚུན་གྱི་མཁས་དབང་ཁག་གི་དབར་འབྲེལ་བ་ཟབ་པོ་བྱེད་མུས་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ཧཱ་ཁྲུན་ཡིང་གིས་དེ་རིང་བརྗོད་ཡོད་པ་རེད།     

གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎