བོད་ཀྱི་རྒྱལ་དར་ཡོད་པའི་ལྒང་ཕུག་མཉམ་ཞུགས་མི་ཆོག


2015.08.06
དབྱིན་ཡུལ་ནང་ལྒང་ཕུག་དུས་སྟོན་ལ་མཉམ་ཞུགས་བྱེད་རྒྱུའི་བོད་ཀྱི་རྒྱལ་དར་ཡོད་པའི་ལྒང་ཕུག དབྱིན་ཡུལ་ནང་ལྒང་ཕུག་དུས་སྟོན་ལ་མཉམ་ཞུགས་བྱེད་རྒྱུའི་བོད་ཀྱི་རྒྱལ་དར་ཡོད་པའི་ལྒང་ཕུག
Tibet hot air balloon

དབྱིན་ཡུལ་ནང་ལྒང་ཕུག་དུས་སྟོན་སྐབས་སུ་བོད་ཀྱི་རྒྱལ་དར་ཅན་གྱི་ལྒང་ཕུག་འཕུར་བསྐྱོད་བྱེད་རྒྱུར་རྒྱ་ནག་གིས་རྙོག་དྲ་བཟོ་བཞིན་ཡོད་པ།
དེ་ཡང་དབྱིན་ཡུལ་ནང་འདོན་སྤེལ་བྱེད་བཞིན་པའི་The Guardianཞེས་པའི་གསར་ཤོག་ནང་། འདི་ཚེས་༤་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་གྱི་ Bristol International Balloon Fiestaཞེས་རྒྱལ་སྤྱིའི་སྒང་ཕུག་འདྲ་མིན་མཁའ་དབྱིངས་སུ་འཕུར་གཏོང་བྱེད་མཁན་གྱི་དུས་སྟོན་ཞིག་ཚོགས་ཀྱི་ཡོད་པའི་སྐབས་སུ། བོད་ཀྱི་རྒྱལ་དར་ཅན་གྱི་མཐོ་ཚད་ཕི་ཀྲི་བརྒྱ་ཙམ་ཡོད་པའི་ལྒང་ཕུག་མཚོན་ཁྲ་ཞིག་ཀྱང་འཕུར་གཏོང་མཉམ་ཞུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་དེ་ནི་ཕྱི་ཟླ་བདུན་པའི་ཚེས་བཅུ་གཅིག་ནས་བཟུང་ཐོག་མར་Spainདང་། Franceགཉིས་ཀྱི་ནང་དུའང་ཆ་ཤས་ལེན་པའི་ཁོངས་ཤིག་ཡིན་པ་རེད། འོན་ཀྱང་གོང་ཞུས་གོ་སྒྲིག་ཚོགས་ཆུང་ལ་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཡིན་ཟེར་མཁན་ཞིག་གིས་གློག་འཕྲིན་དང་། ཁ་པར་སོགས་ཀྱི་བརྒྱུད་ལམ་ནས་བོད་ཀྱི་རྒྱལ་དར་ཅན་གྱི་སྒང་ཕུག་མཉམ་ཞུགས་བྱེད་བཅུག་པ་ཡིན་ན་དབྱིན་ཡུལ་དང་རྒྱ་ནག་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་གི་རེད། རྒྱལ་དར་དེ་ནི་བོད་མི་ཁ་བྲལ་གཏོང་མཁན་ཚོས་བེད་སྤྱོད་བྱེད་པའི་ལག་ཆ་ཞིག་ཡིན་ལུགས་སོགས་བཤད་ཡོད་འདུག འོན་ཀྱང་ཉེན་བརྡ་གཏོང་མཁན་དེའི་སྐོར་གསར་འགྱུར་ལས་ཁང་ནས་དངོས་ཡོད་བདེན་པ་ཡིན་མིན་དང་། རྒྱ་ནག་གཞུང་ཚབ་ནས་བསམ་ཚུལ་ག་འདྲ་ཡོད་མེད་འདྲི་བརྩད་བྱས་ཀྱང་དེར་དངོས་སུ་ལན་འདེབས་གང་ཡང་བྱས་མེད་པའི་སྐོར་བཀོད་འདུག
དེའི་གོང་གནད་དོན་དེའི་ཐོག་ཕ་རན་སི་དང་། སེ་པེན་གཉིས་ཀྱི་ནང་དུའང་དུས་སྟོན་གོ་བསྒྲིགས་ནང་མཉམ་ཞུགས་བྱེད་བཅུག་ན་འགྲིགས་ཀྱི་མེད་པའི་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་བོད་ཀྱི་རྒྱལ་དར་ཅན་གྱི་སྒང་ཕུག་དེ་གཏོང་མཁན་བཟའ་མི་གཉིས་ནས་དེས་བོད་ཀྱི་གནད་དོན་ཁྱབ་སྤེལ་དང་གོ་རྟོག་སྤེལ་ཐབས། དེ་དང་ཕྱོགས་མཚུངས་བོད་ཀྱི་གནད་དོན་ཐོག་ཞལ་འདེབས་བསྡུ་རུབ་ཀྱིས་མཐུན་འགྱུར་རོགས་རམ་བྱེད་རྒྱུའི་ཆེད་ཡིན་ལུགས་གསུངས་འདུག
ཡང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྒང་ཕུག་དེའི་སྟེང་ཆབ་སྲིད་ཀྱི་ཚིག་བརྗོད་དང་རི་མོ་སོགས་གང་ཡང་འཁོད་མེད་པ་དང་། དེ་ནི་ཞི་བདེའི་མཚོན་རྟགས་ལྟབུར་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎