བོད་དང་འབྲེལ་བའི་བརྫོད་ཚིག་འཁོད་པའི་གྱོན་ཆས་འགྲེམས་སྟོན།
2008.10.04
༄༅༎དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་དབྱིན་ཇིའི་སྙན་གྲགས་ཆེ་བའི་གྱོན་ཆས་འཆར་འགོད་པ་ལྦི་ལྦིཡེན་ལྦེསི་ལྦུཌི་ཡིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་གྱོན་ཆས་དགེ་གསར་གྱི་མིག་སྔར་སྟོན་སྐབས་མིག་སྟོད་བྱེད་པོའི་ཕྲག་པར་དབྱིན་ཇིའི་ནང་ཡོད་པའི་བོད་ཀྱི་ཚོགས་པས་བོཟས་པའི་བོད་ཀྱི་རྒྱལ་དར་དང་དེའི་འོག་བོད་གསོན་པོར་སྲུང་སྐྱོབ་ཅེས་པའི་བརྫོད་ཚིག་འཁོད་པའི་ལག་འཁྱེར་སྟོད་ཕད་འཁུར་ཏེ་འགྲེམས་སྟོན་གནང་ཡོད་པ་རེད་
བོད་ཀྱི་རྒྱལ་དར་དང་བོད་དོན་བརྗོད་ཚིག་འཁོད་པའི་སྟོད་ཕད་འགྲེམས་སྟོན་གནང་བ་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་ཡོང་རྒྱུ་མ་ཟད་གྱོན་ཆས་འཆར་འགོད་པ་ལྦི་ལྦིཡེན་ལྦེསི་ལྦུཌི་རང་ཉིད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་མངོན་པར་གསལ་བར་འགྱུར་ལུགས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཚོགས་པའི་རྒྱུན་ལས་འགན་འཛིན་ཕི་ལི་པ་ཁེ་རིཀ་ཡིས་འགྲེལ་བརྗོད་གནང་འདུག ལྷག་པར་དུ་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བོད་ནང་གྱེན་ལངས་ཤུགས་ཆེ་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་ཤིང་དེང་བོད་མི་རྣམས་ཤིན་ཏུ་དམ་བསྒྲགས་ཆེན་པོའི་འོག་གནས་བཞིན་པ་རེད་ བོད་ཀྱི་ས་ཁུལ་མང་པོའི་ནང་ཛ་དྲག་ཁྲིམས་གཞི་བདམས་པ་དང་དགོན་སྡེ་ཁག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་སོགས་བོད་མི་མང་ལ་སྔར་བས་སྡུག་སྦྱོང་ཆེ་བ་ཕོག་བཞིན་པ་ཡིན་ལུགས་དབྱིན་ཡུལ་བོད་ཚོགས་ཀྱི་རྒྱུན་ལས་སྤྱི་ཁྱབ་ཁེ་རིཀ་ཡིས་གསུངས་གནང་འདུག ཡང་འདི་ལོ་བོད་ནང་བོད་མི་སྟོང་ཕྲག་མང་པོ་གར་སོང་ཆ་མེད་གྱུར་པར་བློ་འཚབ་ཤིན་ཏུ་ཡོད་ལུགས་དང་བོད་ཀྱི་རྩ་དོན་ནི་ནམ་ཡང་འདོར་ཐབས་མེད་པ་ཡིན་ལུགས་ཁོང་གིས་མུ་མཐུད་གསུངས་གནང་འདུག།