གཏེར་སྔོག་ལ་ངོ་རྒོལ་བྱེད་མི་གསུམ་མུ་མཐུད་བཀག་ཉར།


2014.08.01
མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་ཀ་སེར་སྡེ་པའི་ཕྱོགས་ནས་རྡོ་ཀ་མ་རུ་བསྔོག་བསྐྱེལ་བྱེད་བཞིན་པ། མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་ཀ་སེར་སྡེ་པའི་ཕྱོགས་ནས་རྡོ་ཀ་མ་རུ་བསྔོག་བསྐྱེལ་བྱེད་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་ནག་གིས་འཛིན་བཟུང་བྱས་བའི་གསེར་ཆེན་རྗོང་ཀ་སེར་སྡེ་པའི་བོད་མི་གསུམ་གློད་བཀྲོལ་མ་བཏང་བར་མུ་མཐུད་བཀག་ཉར་བྱས་བསྡད་ཡོད་པ་རེད་འདུག
དེ་ཡང་བོད་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་སྔོན་རྒྱ་ནག་གི་དཔོན་རིགས་ཀྱིས་རྒྱབ་སྐྱོར་བྱས་འོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་ཀ་སེར་སྡེ་པའི་ནང་གཏེར་ཁ་ཚོང་ལས་ཁང་གིས་ཀ་སེར་སྡེ་པའི་ས་ཁུལ་དུ་རྡོ་ཀ་མ་རུ་བསྔོག་འདོན་གྱི་དུས་བཀག་གཙང་ཟིན་ནའང་མུ་མཐུད་ནས་བསྔོག་འདོན་བྱས་པར་ས་གནས་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེ་དུས་བོད་མི་༢༠་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའོ་ཁོངས་ནས་ཁག་ཅིག་རིམ་པས་གློད་བཀྲོལ་བཏང་འདུག་ཀྱང་། རང་ལོ་༣༤་ཙམ་ཡིན་འབྲུག་སྐྱིད་དང་།  རང་ལོ་༥༠་ཙམ་ཡིན་པ་དོན་ཁོ། རང་ལོ་༢༤་ཙམ་ཡིན་པ་དབྱངས་མཚོ་སྐྱིད་བཅས་མི་གསུམ་ད་དུང་མཚོ་ལྷོ་ཁུལ་གྱི་བཙོན་ཁང་ནང་དུ་མུ་མཐུད་ནས་བཙོན་འཇུག་བཀག་ཉར་བྱེད་བཞིན་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་གསུམ་ལ་དྲང་བདེན་གྱི་ཐག་གཅོད་མ་བྱུང་ཚེ་ཁོང་ཚོར་དུས་བཀག་གི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་ཡོད་པ་བརྗོད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎