བོད་ནང་སློབ་ཕྲུག་གསུམ་ལ་ཕག་ནད་ཕོག་ཡོད་པའི་གནས་ཚུལ།

མདོ་སྨད་མཚོ་ལྷོ་ཁུལ་གྱི་མང་ར་འབྲིང་རིམ་སློབ་གྲའི་སློབ་ཕྲུག་གསུམ་ལ་ཕོག་པའི་ནད་ཡམ་ཡོད་པ་ཤེས་རྟོགས་བྱུང་ནས་སྨན་བཅོས་བྱེད་བཞིན་པ།

2009.10.27

༄༅༎བོད་ཀྱི་མདོ་སྨད་མཚོ་ལྷོ་ཁུལ་གྱི་མང་ར་འབྲིང་རིམ་སློབ་གྲའི་སློབ་ཕྲུག་གསུམ་ལ་ཕོག་པའི་ནད་ཡམ་ཡོད་པ་ཤེས་རྟོགས་བྱུང་ནས་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་པ་ཤེས་རྟོགས་བྱུང་འདུག

འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་དོན་ལྟར་ན་མདོ་སྨད་མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་ས་ཁུལ་གྱི་མང་ར་ས་ཁུལ་དུ་བོད་རིགས་དང་རྒྱ་རིགས་འགྲོ་ཡུལ་གྱི་མང་ར་རྒྱ་ཡིག་འབྲིང་རིམ་སློབ་གྲ་ཞིག་ཡོད་ཅིང་སློབ་གྲ་དེའི་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་ནང་ནས་སློབ་ཕྲུག་གང་ཙམ་ལ་རྒྱུན་ལྡན་གྱི་ཆམ་ནད་མིན་པའི་ཆམ་ནད་བྱུང་དུས་མང་ར་རྫོང་སྨན་ཁང་དུ་བརྟག་དཔྱད་བྱས་དུས་སློབ་ཕྲུག་གང་ཙམ་ལ་ཆམ་ནད་ཡོད་པ་དང་དེའི་ནང་ནས་སློབ་ཕྲུག་གསུམ་ལ་ཡོངས་གྲགས་ཅན་གྱི་ནད་ཡམ་H1N1ཟེར་བའི་ཕག་པའི་ནད་ཡམ་དེ་དངོས་སུ་ཡོད་པ་ཤེས་རྟོགས་བྱུང་འདུག ཁོང་གསུམ་ད་ལྟ་རྫོང་གི་སྨན་ཁང་ནང་དུ་སྨན་བཅོས་གནང་བཞིན་པ་ཡིན་པ་དང་ས་ཁུལ་དུ་ཡོད་པའི་མང་ར་བོད་ཡིག་འབྲིང་རིམ་སློབ་གྲའི་སློབ་ཕྲུག་བདུན་ལ་ཆམ་ནད་ཡོད་པ་ཀྱང་ཤེས་རྟོགས་བྱུང་འདུག འོན་ཀྱང་ཁོང་རྣམས་ཀྱི་ནད་གཞི་དེ་H1N1གྱི་ནད་ཡམ་ཡིན་མིན་ཁྱབ་བསྒྲགས་བྱས་མེད་པ་རེད་འདུག རྒྱ་ནག་གིས་གསལ་བསྒྲགས་བྱས་དོན་ལྟར་ན་ཕྱི་ཟླ་བཅུ་པའི་ཚེས་འགོར་བོད་ཀྱི་ལྷ་སའི་ཉེ་འཁོར་མེ་གྲོ་གུང་དཀར་གྱི་བུད་མེད་གཅིག་དང་ཕྱི་ཚེས་བཅུ་བདུན་ཉིན་མཚོ་སྔོན་ཞིང་ཆེན་ནང་དུ་ཡང་བུད་མེད་གཅིག་འདས་གྲོངས་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎