ཐའེ་ལྦན་མི་མང་སྟོང་ཚོ་མང་པོས་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ།

ཐའེ་ལྦན་མི་མང་སྟོང་ཚོ་མང་པོས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཉེ་རུ་འགྲོ་བཞིན་པར་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་འདུག

2008.10.25

༄༅༎གཟའ་སྤེན་པའི་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེའི་ནང་མི་སྟོང་ཚོ་མང་པོས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཉེ་རུ་འགྲོ་བཞིན་པར་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

ཐའེ་པེ་ནས་རོའུ་ཀྲརསི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཐའེ་པེ་གྲོང་ཁྱེར་གྱི་དབུས་སུ་མི་འབུམ་ལྔ་ཙམ་འདུ་འཛོམས་ཀྱིས་སྲིད་འཛིན་མ་དབྱིང་ཅོས་རྒྱ་ནག་དང་འབྲེལ་ལམ་གནང་ཕྱོགས་ཀྱི་གནད་དོན་གྱི་ཐོག་ནས་ཁོང་སྲིད་འཛིན་ནས་དགོངས་ཞུ་དགོས་རྒྱུའི་འབོད་ཚིག་ཤུགས་ཆེ་བསྒྲགས་ཡོད་འདུག་པ་དང་འདི་ནི་འདི་ལོ་ཕྱི་ཟླ་ལྔ་པའི་ནང་སྐུ་ཞབས་མ་དབྱིང་ཅོས་སྲིད་འཛིན་གྱི་མཛད་འཁུར་བཞེས་པའི་རྗེས་ཁོང་ལ་མི་དམངས་ཀྱིས་ངོ་རྒོལ་བྱས་པ་ཤུགས་ཆེ་ཤོས་དེ་ཡིན་པ་རེད།

ངོ་རྒོལ་གྱི་ལས་འགུལ་དེ་ཐའེ་ལྦན་གྱི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་ཚོགས་པ་དའེི་འགོ་འཁྲིད་ལྕམ་ཀྲའེ་ཨིང་ལྦེན་གྱིས་གལ་ཏེ་གཞུང་ཕྱོགས་ནས་མུ་མཐུད་ད་ལྟའི་གནང་ཕྱོགས་དེ་ག་གནང་ཚེ་ཐའེ་ལྦན་གྱི་མ་འོངས་པའི་མདུན་ལམ་ཁག་རང་བཞིན་གྱི་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་གསུངས་འདུག རྒྱ་ནག་གཞུང་གིས་དེ་སྔོན་ཐའེ་ལྦན་གཅིག་འགྱུར་བྱ་རྒྱུར་དགོས་གལ་བྱུང་ཚེ་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་ལན་མང་བཏང་ཡོད་པ་རེད།

ད་རེས་ཀྱི་ངོ་རྒོལ་འདི་ནི་རྒྱ་ནག་སྐམ་ས་ཆེན་པོའི་ཐའེ་ལྦན་ལས་དོན་ལྷན་ཁང་གི་འགོ་འཁྲིད་གྲན་ཡུན་ལིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ཐའེ་ལྦན་དུ་ཐེངས་དང་པོའི་འཚམས་འདྲིར་མ་ཕེབས་པའི་སྔོན་དུ་བྱུང་བ་ཞིག་ཡིན་པ་དང་གཞུང་ཕྱོགས་ནས་གནས་ཚུལ་འདིའི་ཐད་དོ་སྣང་འབྱུང་རྒྱུར་ངོ་རྒོལ་གྱི་ལས་འགུལ་འདི་རིགས་ཟླ་བ་རྗེས་མའི་བར་མུ་མཐུད་བྱ་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

གཟའ་སྤེན་པའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་དེང་སྐབས་དཔལ་འབྱོར་ལྐོག་ཟའི་གྱོད་གཞི་ཆེན་པོའི་ནང་ཐིམ་པ་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཞུཡི་པན་ཡང་མཉམ་ཞུགས་གནང་ཡོད་ཅིང་ཁོང་གིས་ང་ལ་འཇིགས་སྣང་གང་ཡང་མེད་ལ་རྒྱ་ནག་མི་དམངས་བཅིང་གྲོལ་དམག་ལ་ཡང་འཇིགས་སྣང་མེད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎