བོད་ལི་ཐང་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ།

ལི་ཐང་དགོན་ཆེན་ནང་བོད་མི་སེར་སྐྱ་༥༠༠༠་ལྷག་ལྷན་འཛོམས་གནང་ནས་༧གོང་ས་མཆོག་གི་སྐུ་པར་བཞུགས་ཁྲིའི་སྟེང་དུ་བཞུཌ་སུ་གསོལ་འདུག

2011.07.28

༄༅༎བོད་ཤར་ཕྱོཌ་ཁམས་ལི་ཐང་དགོན་ཆེན་ནང་ཇང་དགུན་ཆོས་ཆེན་པོ་ཚོཌ་སྐབས་བོད་མི་སེར་སྐྱ་མི་མང་༥༠༠༠་ལྷག་ལྷན་འཛོམས་གནང་ནས་རྒྱ་ནག་གཞུང་གི་བཙན་བཀར་བརྩི་མེད་བཏང་སྟེ་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་སྒྲོལ་རིན་པོ་ཆེ་སྤོས་སྣེ་དང་གདུང་རྒྱ་གླིང་གིས་སྤྱན་འདྲེན་ཞུས་ཏེ་བཞུཌ་ཁྲིའི་སྟེང་དུ་བཞུཌ་སུ་གསོལ་འདུག དེ་ཡང་ཟླ་བའི་ཕྱི་ཚེས་༡༥་སྟེ་བོད་ཟླ་༥་ཚེས་༡༥་ཉིན་ནས་དབུ་འཛུཌ་ཀྱིས་ཉིན་གྲངས་བཅུའི་རིང་ཁམས་ལི་ཐང་དགོན་ཆེན་ནང་མདོ་ཁམས་ཀྱི་འཇང་དགུན་ཆོས་ཆེན་མོ་ཐེངས་པ་༤་པ་དེ་ཚོཌ་ཡོད་པ་དང་སྐབས་དེར་ལི་ཐང་དགོན་གྱི་མཚན་ཉིད་གྲ་ཚང་གིས་འགན་འཁུར་གཙོ་བོ་གནང་སྟེ་མདོ་ཁམས་ཁུལ་གྱི་དགོན་སྡེ་བརྒྱ་ལྷག་ཙམ་ལ་མགྲོན་བརྡ་བཏང་བ་སོཌ་གོ་སྒྲིཌ་གནང་བཞིན་པའི་སྐབས་སུ་རྫོང་སྲིད་གཞུང་གིས་གྲ་པ་ཆིག་སྟོང་ལས་བརྒལ་བ་འདུ་འཛོམས་མི་ཆོག་པ་དང་ཨ་མདོ་རྔ་པ་ཀིརྟི་དགོན་པར་མགྲོན་ཤོག་གཏོང་མི་ཆོག་པའི་དོན་ཚན་གཉིས་ཁས་ལེན་དུ་བཅུག་འདུག་  ཡིན་ནའི་མཚན་ཉིད་གྲ་ཚང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་རྫོང་སྲིད་གཞུང་གིས་བཏོན་པའི་དོན་ཚན་གཉིས་ལ་ངོས་ལེན་མ་གནང་བར་རྔ་པ་ཀིརྟི་དགོན་པར་མགྲོན་ཤོག་གཏོང་རྒྱུ་ཡིན་ལ་ཕེབས་དང་མི་ཕེབས་ཤེས་ཀྱི་མེད་ གལ་ཏེ་ཕེབས་པ་ཡིན་ན་ང་ཚོའི་ངོས་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་པའི་བརྡ་ལན་སྤྲད་འདུག་ མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དངོས་སུ་འཚོཌ་པའི་མཚན་ཕུད་ཆེན་མོའི་སྐབས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་སྒྲོལ་རིན་པོ་ཆེ་དང་པཎ་ཆེན་སྐུ་ཕྲེང་༡༠་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་སྒྲོལ་རིན་པོ་ཆེ་གཉིས་སྤོས་སྣེ་དང་གདུང་རྒྱ་གླིང་གིས་སྤྱན་འདྲེན་ཞུས་ཏེ་བཞུཌ་ཁྲི་སྟེང་དུ་བཞུཌ་སུ་གསོལ་བ་དང་མང་ཚོཌ་ཀྱིས་དད་པའི་ཐལ་མོར་སྦྱར་བ་དང་དགའ་བའི་ཐལ་མོ་བརྡབས་པ་མ་ཟད་ དགའ་ཚོར་ཆེན་པོས་དཀར་གཙང་མཇལ་དར་གནམ་ལ་གཡུཌ་ཏེ་མི་མང་རྣམས་ཀྱིས་དེ་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་དངོས་སུ་མཇལ་བ་ལྟ་བུའི་ཚོར་སྣང་བྱུང་ལུཌ་གསུངས་འདུག་ དེ་ནས་དད་ལྡན་པ་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་འཕྱའི་ཆེད་དུ་རྟ་ནོར་ལུག་གསུམ་སོཌ་མང་པོ་ཕུལ་བ་རྣམས་ཚོང་པ་ཁག་གིས་ཉོས་ནས་ཚེ་ཐར་བཏང་སྟེ་མི་མང་སྐྱོ་པོ་ཚང་མར་སྤྲད་ནས་དཀར་པོ་དགེ་བའི་ལས་མང་པོ་བསྒྲུབས་འདུག་ ཡང་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཉིན་གྲངས་བཅུའི་རིང་འཚོཌ་སྐབས་ཚང་མས་བོད་སྐད་གཙང་མ་རྒྱབ་དགོས་པ་དང་མཐའ་ན་རྒྱ་མིའི་ཉེན་རྟོག་མི་སྣ་ཚོ་ཡང་བོད་ཆས་ཆ་ཚང་གྱོན་ན་མ་གཏོཌ་དགོན་པའི་ལྕཌ་རིའི་སྒོ་ཆེན་སོ་སོ་ནང་གི་བདེ་སྲུང་མི་སྣས་མཆོད་མཇལ་དུ་བཏང་མེད་སྐོར་བོད་མི་མང་སྤྱི་འཐུས་ཡིན་པ་ཨ་ཕྲུག་ཚེ་བརྟན་ལཌ་ཀྱིས་ཕ་ཡུལ་དྲ་རྒྱར་གསུངས་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎