༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་གཏན།

༧གོང་ས་མཆོག་ལ་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་འཆམ་མཐུན་གོང་འཕེལ་གཏོང་ཐབས་གནང་བའི་མཛད་རྗེས་ལ་ཆེ་བསྟོད།

2012.03.29

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚེ་མེད་ཞི་བ་དང་། ཆོས་ལུགས་རིས་མེད་འཆམ་མཐུན་གོང་འཕེལ་གཏོང་ཐབས་གནང་བའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་དྲོན་ལ་རྟེན་གཞི་བྱེད་པའི་སཱར་ཇོན་ཀྲེམ་པཱལ་ཀྲེན་(Sir John Templeton)ཞེས་པའི་ཚོགས་པ་ནས་ལོ་འདིའི་ཀྲེམ་པཱལ་ཀྲེན་(Templeton)ཞེས་པའི་གཟེངས་རྟགས་འདི་བཞིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་ལ་འབུལ་བཞེས་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད། དེ་ཡང་ཚོགས་པ་འདིའི་ཚོགས་གཙོ་སྐུ་ཞབས་འཇོན་ ཀྲེམ་པལ་ཀྲན་ ཇུ་ནི་ཡར་མཆོག་གིས་དེ་རིང་ཝི་དྲོ་བརྙན་པར་བརྒྱུད་གསལ་བསྒྲགས་གནང་དོན༎༎།ལོ་འདིའི་གཟེངས་རྟགས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་བཞེས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། ཁོང་གིས་འཛམ་གླིང་ནང་འཚེ་བ་མེད་པ་དང་། བྱམས་བརྩེའི་ནུས་སྟོབས་ཀྱི་ཐོག་ནས་ཞི་བདེ་སྐྲུན་ཐབས་བྱེད་རྒྱུའི་དགོངས་གཞི་ཁྱབ་སྤེལ་གནང་བས་མ་ཟད་་ དེ་དག་ཚན་རིག་ཀྱི་ལམ་ནས་བརྟག་དཔྱད་དང་། བགྲོ་སླེང་གནང་གི་ཡོད་ལུགས་སོགས་གསུངས་ཡོད་པ་རེད། ཡང་གཟེངས་རྟགས་འབུལ་བཞེས་གནང་རྒྱུའི་གསལ་བསྒྲགས་གནང་བའི་རྗེས་སུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་་རིང་རྣམ་པ་ཚོས་ཆེས་མཐོའི་གཟེངས་རྟགས་འདི་བཞིན་གནང་རྒྱུའི་ཐག་ཆོད་གནང་བ་དེ་ནི་ངས་དུས་རྒྱུན་ནས་འགྲོ་བ་མིའི་བདེ་སྐྱིད་སྐྲུན་ཐབས་སུ་ཞབས་འདེགས་ཕྲན་བུ་གྲུབ་ཐུབ་ཡོད་པའི་རྟགས་མཚན་ཡིན་པར་བརྟེན་ངོས་འཛིན་ཞུས་པ་དང་ཆབས་ཅིག་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་འདུག
གོང་ཞུས་གཟེངས་རྟགས་འདི་བཞིན་འདས་པའི་ལོ་ངོ་བཞི་བཅུའི་རིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོངས་སུ་མ་དར་ ཀྲེ་ར་ས་དམ་པ་དེ་མ་གཏོགས་བྱུང་མྱོང་མེད་པ་རེད། ཆེ་བསྟོད་དང་། ཨ་སྒོར་ས་ཡ་གཅིག་དང་། ཕྱེད་ཀ་ལྷག་ཙམ་གནང་སྲོལ་ཡོད་པའི་གཟེངས་རྟགས་འདི་བཞིན་ལོན་དྲོན་དུ་ཕྱི་ཟླ་ལྔ་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎