༧གོང་ས་མཆོག་ཨའོ་སི་ཀྲི་ལི་ཡར་ཆིབས་བསྒྱུར།
2011.06.06
༄༅༎བོད་ཀྱི་ཆོས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོས་ཀྲོ་ལི་ཡའི་སཱན་ཤའེན་ཀོསིཏ་(Sunshine Coast)ཞེས་པའི་གྲོང་ཚོ་དེར་རིང་མིན་ཆིབས་བསྒྱུར་བསྐྱངས་གནང་སྐབས་གང་ཉིད་ཀྱི་གསུང་དང་མཇལ་ཁ་ཞུ་མཁན་སྟོང་ཕྲག་མང་པོ་ཡོང་རྒྱུ་ཡིན་པ་རེད་ དེ་ཡང་བོད་ཀྱི་ཆོས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༦ ཉིན་ཨོས་ཀྲེ་ལི་ཡའི་སཱན་ཤའེན་ཀོསིཏ་ཞེས་པའི་གྲོང་ཚོ་དེའི་ནང་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ཆོས་ཚོགས་ལ་ཆིབས་བསྒྱུར་བསྐྱངས་གནང་སྐབས་དེར་གསར་བསྐྲུན་གནང་བའི་དགོན་པ་དང་སྤྱི་གླིང་ཞིག་ལ་རབ་གནས་དབུ་འབྱེད་གནང་རྒྱུ་མ་ཟད་འབྲིང་རིམ་སློབ་གྲའི་སློབ་ཕྲུག་དང་མི་མང་སྟོང་ཕྲག་མང་པོར་མཇལ་ཁ་གནང་རྒྱུ་ཡིན་པ་རེད་ སྐབས་དེར་༸གོང་ས་མཆོག་གི་གསུང་ཆོས་དང་གསུང་བཤད་ཉན་པར་མི་གྲངས་ ༣༥༠༠ ཙམ་ཞིག་འདུ་འཛོམས་གནང་བའི་ཚོད་དཔགས་གནང་གི་ཡོད་པ་དང་ས་གནས་ཀྱི་སྤྱན་རས་གཟིགས་ཆོས་ཚོགས་དང་སཱན་ཤའེན་ཀོསིཏ་གྲོང་ཚོ་ལྷན་ཚོགས་ཀྱིས་གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ས་གནས་ཀྱི་མི་མང་ལ་བརྡབ་གསིག་གང་ཉུང་ཡོང་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པ་རེད་ ཆིབས་བསྒྱུར་གྱི་ཉིན་དེར་ས་གནས་སུ་སྣུམ་འཁོར་གྲངས་༡༢༠༠ལྷག་འདུ་འཛོམས་ཡོང་རྒྱུ་དང་མི་མང་སྐྱེལ་འདྲེན་ཆེད་ས་གནས་བབས་ཚུགས་ཁག་ནས་སྣུམ་འཁོར་ཆེ་བ་ཁག་ཅིག་ཆེད་གཏོང་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ སྤྱན་རས་གཟིགས་ཆོས་ཚོགས་ཀྱི་ངེས་སྟོན་པ་མོའོ་རིན་ལྦོལཤེ་ཡིས་སྐུའི་སྲུང་སྐྱོབ་ཆེད་ས་གནས་ཀྱི་ལམ་ཁག་ཅིག་སྒོ་རྒྱབ་རྒྱུ་དང་སྣུམ་འཁོར་གྱི་འགྲུལ་ཞུད་ཁ་བསྒྱུར་ཡང་གནང་རྒྱུ་ཡིན་སྐོར་གསུང་འདུག