༧གོང་ས་མཆོག་ཟླ་དྲུག་པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་དྲུག་པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག

2012.01.17

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་དྲུག་པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་ བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ འདི་ལོ་ཕྱི་ཟླ ༦ ཚེས་ ༡༦ ནས་ ཉིན་གྲངས་བརྒྱད་རིང་ དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དང་ གྲོང་ཁྱེར་མེན་ཆེསི་ཀྲར། སོ་ཀོཏ་ལེནདྲ་གྱི་གྲོང་ཁྱེར་ཨེ་ཌིན་སྦག། ཌན་ཌི། ཨིན་ལྦར་ནེསི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་ ཞི་བདེའི་བགྲོ་གླེང་འདུ་འཛོམས་ཀྱི་ཚོགས་མགོན་བཅས་སུ་ཆིབས་བསྒྱུར་སྐྱོང་གནང་སོགས་ཀྱི་མཛད་འཆར་ཡོད་འདུག།
མཛད་འཆར་དེ་དག་གི་ཁོངས་ནས་གལ་ཆེ་ཤོས་དེ་ མེན་ཆེསི་ཊར་གྲོང་ཁྱེར་གྱི་ནང་གཞོན་ནུའི་འདུ་འཛོམས་ཆེན་པོ་ཞིག་གི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ད་ལྟའི་དུས་རབས་འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བཟོ་ཐབས་དང་ འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བཟོ་ཐབས་སུ་ འཚེ་མེད་ཞི་བའི་རིག་གཞུང་དར་སྤེལ་དགོས་རྒྱུ་ནི་ཛ་དྲག་གི་གནད་དོན་ཞིག་ཡིན་པའི་སྐོར་བཀའ་སློབ་གསུང་བཤད་དང་ གཞོན་ནུ་ཚོ་དང་བགྲོ་གླེང་གནང་རྒྱུའི་མཛད་འཆར་དེ་ཡིན་འདུག་ ཕྱི་ཟླ་དྲུག་པའི་ནང་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ལེན་གྱི་མཛད་འཆར་ཡོངས་རྫོགས་ དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འབྲེལ་མཐུད་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎