༸གོང་ས་མཆོག་ནས་དབྱིན་ཇིའི་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུ།

བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབྱིན་ཇིའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད་།

2008.05.13

༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་གདན་ཞུ་བཞིན་ཕྱི་ཟླ་ལྔ་པའི་ཚེས་༢༢ཉིན་དབྱིན་ཇིའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད་། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པར་བརྟེན་ནས་། ད་རེས་བོད་ཀྱི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༢དང་༣༠བར་དབྱིན་ཡུལ་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་དབྱིན་ཇིའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་སློབ་གནང་རྒྱུའི་དགོས་འདུན་བཏོན་གནང་བ་བཞིན་༸གོང་ས་མཆོག་ནས་ཞལ་བཞེས་གནང་བ་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་དཔོན་རིགས་ནས་གསུངས་བཞག དེ་མིན་༸གོང་ས་མཆོག་དུས་ཡུན་ཉིན་གྲངས་དགུ་དབྱིན་ཡུལ་ནང་ཆིབས་བསྒྱུར་གནང་རིང་དམངས་ཁྲོད་དུ་བཀའ་སློབ་དང་དེ་བཞིན་དེང་དུས་ཀྱི་འཛམ་གླིང་ནང་ཀུན་ཁྱབ་འགན་འཁུར་སྐོར་དང་དོན་དང་ལྡན་པའི་མི་ཚེ་སྐྱེལ་སྟངས་སོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་དང་། དེ་མིན་གསུང་ཆོས་ཁག་ཅིག་ཡང་གནང་འཆར་ཡོད་པ་རེད་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎