༸གོང་ས་མཆོག་ཨ་རིའི་མི་ཡ་མི་གྲོང་ཁྱེར་དུ་ཆིབས་བསྒྱུར།

༸གོང་ས་མཆོག་ཁེ་ན་ཌ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཨ་རིའི་མི་ཡ་མི་གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་འདུག

2010.10.26

༄༅༎ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༥ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་སླར་ཡང་ཨ་རིའི་ཕོ་ལོ་རི་ཌ་མངའ་སྡེའི་ནང་ཡོད་པའི་མི་ཡ་མི་གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང༌། དེ་ཡང་དེ་ཉིན་མགོན་པོ་གང་ཉིད་མཆོག་མི་ཡ་མི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་ཆིབས་སྒྱུར་གོ་སྒྲིག་གནང་མཁན་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་དང། ཕོ་ལོ་རི་ཌ་རྒྱལ་སྤྱིའི་གཙུག་ལག་སློབ་གྲ་ཆེན་མོ་དང། མི་ཡ་མི་གཙུག་ལག་སློབ་གྲ་ཆེན་མོ། ནོ་ལྦ་ལྷོ་ཤར་གཙུག་ལག་སློབ་གྲ་ཆེན་མོ། སྦོ་རོ་ལྦདྲ་མཐོ་སློབ་བཅས་ཀྱི་སྐུ་ཚབ་རྣམ་པས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས། ཉིན་དེ་རང་གི་ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཡ་མི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མིའི་ལྷན་དུ་མཇལ་འཕྲད་ཀྱིས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་བ་དེས་འཛམ་གླིང་ཡོངས་ལ་བློ་སྤོབས་སྐྱེས་གཞིར་གྱུར་ཡོད་པའི་བསྔགས་བརྗོད་གནང་ཡོད་པ་དང༌། དེའི་རྗེས་སུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་ལོ་རི་ཌ་རྒྱལ་སྤྱིའི་གཙུག་ལག་སློབ་གྲ་ཆེན་མོའི་ཆོས་ཀྱི་སློབ་ཁྲིད་ཚན་པས་ཕེབས་བསུའི་མཛད་སྒོའི་ཐོག་ལྷན་ཞུགས་མཛད་ཡོད་པ་རེད།

དེ་ནས་ཕྱི་ཚེས་༢༦གི་སྔ་དྲོ་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་འཛམ་གླིང་ཆོས་ལུགས་ཀྱི་གལ་གནད་དང༌། ཉིན་དགུང་རྒྱབ་ཏུ་དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞི་སོ་སོའི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎