༧གོང་ས་མཆོག་ལ་་ཞི་བདེའི་གཟེངས་རྟགས་ཤིག་འབུལ་གཏན།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སེན་ཌི་ཡེ་གོ་གཙུག་ལག་སློབ་གཉེར་ཁང་གིས་ཞི་བདེའི་གཟེངས་རྟགས་ཤིག་འབུལ་གཏན་འཁེལ་འདུག

2012.01.23

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སེན་ཌི་ཡེ་གོ་(San Diego)གཙུག་ལག་སློབ་གཉེར་ཁང་གིས་ཞི་བདེའི་གཟེངས་རྟགས་ཤིག་འབུལ་གཏན་འཁེལ་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཕྱི་ཟླ་བཞི་པའི་ཚེས་༡༨དང་༡༩བཅས་ཉིན་གྲངས་གཉིས་རིང་ཨ་རིའི་སེན་ཌི་ཡེ་གོ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་པའི་སྐབས་དེར། ཁུལ་དེར་རྟེན་གཞི་བྱས་པའི་ གཙུག་ལག་སློབ་ཁང་ཁག་ཅིག་གིས་གོ་སྒྲིག་འོག་ ཉེ་རིང་མེད་པའི་བྱམས་བརྩེ་ ཞེས་པའི་བརྗོད་གཞིའི་ཐོག་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསུམ་གྱི་ནང་༧གོང་ས་མཆོ་གིས་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད།
སེན་ཌི་ཡེ་གོ་གཙུག་ལག་སློབ་གཉེར་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག་པའི་ནང༌། གོང་ཞུས་གཙུག་ལག་སློབ་གཉེར་ཁང་གིས་ ༧གོང་ས་མཆོག་ལ་ ཞི་བདེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་གཏན་འཁེལ་འདུག། དེའང་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་ཁོངས་སུ་ཡོད་པའི་གཙུག་ལག་སློབ་ཁང་དེའི་འགན་འཛིན་ཇུ་ལི་ས་ལི་ལྦེན་ཡིས་ བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིེར་ཞབས་གསོར་འཁོད་ཀྱི་ཡོད་པར་ཕེབས་བསུ་ཞུ་རྒྱུར་ང་ཚོ་དགའ་སེམས་ཆེན་པོའི་ངང་གནས་ཡོད་པ་མ་ཟད་ ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཀྱི་རླབས་ཆེའི་མཛད་འཕྲིན་ལ་སེན་ཌི་ཡེ་གོ་གཙུག་ལག་སློབ་གཉེར་ཁང་གིས་ཆེ་བསྟོད་ངོས་འཛིན་ཞུ་རྒྱུར་ཡུན་རིང་ནས་ངང་སྒུག་ཞུ་བཞིན་ཡོད་ཅེས་གསུངས་བཞག།
ཡང་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་བསྟན་འཛིན་དོན་ལྡན་ལགས་ཀྱིས་ཁུལ་དེའི་ནང་༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་བཞིན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཆགས་རྒྱུ་ཡིན་པ་དང༌། མཛད་རིམ་དེའི་ཐོག་རིས་མེད་ཆོས་ལུགས་འདྲ་མིན་གྱི་མི་སྣ་དང༌། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གྱི་མི་སྣ།་ མཁས་དབང་དང་ཚན་རིག་པ། སྒྱུ་རྩལ་བ་སོགས་མི་སྣ་འདྲ་མིན་འདུ་འཛོམས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་ལ་དོ་སྣང་ཆེན་པོ་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎