༸གོང་ས་མཆོག་ནས་རྒྱ་བོད་ལྷན་ཚོགས་ཐོག་གསུང་བཤད།

༸གོང་ས་མཆོག་གིས་སུད་སིར་ཚོགས་རྒྱུའི་རྒྱ་བོད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་འཆར་ཡོད་འདུག

2009.07.27

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཚོགས་རྒྱུའི་རྒྱ་བོད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་འཆར་ཡོད་འདུག

དེ་ཡང་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་སུད་བོད་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བར་གཞིགས་ན་གོང་ཞུས་ལྷན་ཚོགས་དེ་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ནས་བརྒྱད་བར་ཚོགས་རྒྱུ་ཡིན་ཞིང་དེའི་རིང་འཛམ་གླིང་ས་ཕྱོགས་གང་ས་ནས་སློབ་གྲྭ་ཆེན་མོ་ཁག་གི་རྒྱ་མིའི་དགེ་རྒན་དང་རྩོམ་བྲིས་པ་གསར་འགོད་པ་སོགས་ཁྱོན་མི་གྲངས་བརྒྱ་ལྷག་མཉམ་བཞུགས་གནང་རྒྱུ་ཡིན་པ་དང་ལྷ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གསུང་བཤད་གནང་འཆར་ཡོད་ཅིང་རྒྱ་བོད་ལྷན་ཚོགས་དེ་རིགས་བསྐོངས་ཚོགས་གནང་དགོས་དོན་གཙོ་བོ་བོད་རྒྱའི་སྤྱི་ཚོགས་དབར་ཕན་ཚུན་འབྲེལ་ལམ་ཟབ་ཏུ་བཏང་ནས་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ཐབས་ལམ་ནས་སེལ་ཐུབ་པའི་ཆེད་དུ་དམིགས་ནས་སྤེལ་བ་ཞིག་ཡིན་པ་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་ཚོགས་པའི་འགན་འཛིན་སྐུ་ཞབས་ཇོ་ན་ཐན་སི་སེན་ནས་གསུང་བཞག ད་རེས་ཀྱི་བོད་རྒྱའི་ལྷན་ཚོགས་དེའི་ཐོག་གཙོ་བོའི་སྐུ་མགྲོན་གྱི་མཚན་ཐོག་ནས་གསུང་བཤད་གནང་མཁན་གྱི་གྲས་སུ་འདས་གྲོངས་སུ་ཕེབས་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀྲའོ་ཙེ་ཡང་གིས་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་པའི་སྐབས་སྲིད་དོན་བསྒྱུར་བཅོས་ལྷན་ཁང་གི་ཚོགས་མིའི་གྲས་གནང་མྱོང་མཁན་སྐུ་ཞབས་ཡན་ཅའ་ཆིའི་ཡང་གདན་ཞུ་གནང་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་རྒྱ་ནག་གཞུང་ཕྱོགས་ཀྱིས་རང་ཕྱོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེའི་འོག་རྒྱ་བོད་མི་རིགས་དབར་གྱི་འབྲེལ་ལམ་ལ་གནོད་ཚབས་ཆེན་པོ་བྱུང་ཡོད་པར་བརྟེན་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ཕྱི་རྒྱལ་ཁག་ནང་ཡོད་པའི་བོད་རིགས་ཚོགས་སྡེ་ཁག་དང་འབྲེལ་ཡོད་ཀྱིས་རྒྱ་རིགས་མང་ཚོགས་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུའི་ཆེད་རྒྱ་བོད་གྲོས་མོལ་ལྷན་ཚོགས་དེ་རིགས་སྤེལ་ནས་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ཐོག་ནས་སེལ་ཐུབ་རྒྱུར་འབད་བརྩོན་གནང་དང་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎