༧གོང་ས་མཆོག་གིས་རྒྱ་རིགས་དད་ལྡན་ལ་ཆོས་འབྲེལ་བསྩལ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རྒྱ་རིགས་ཚོར་ཆོས་འབྲེལ་གནང་རྒྱུ་དབུ་འཛུགས་གནང་ཡོད་པའི་གནས་ཚུལ་འདུག

2012.05.03

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རྒྱ་རིགས་ཚོར་ཆོས་འབྲེལ་གནང་རྒྱུ་དབུ་འཛུགས་གནང་ཡོད་པའི་གནས་ཚུལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། དེ་རིང་ཚེས་གསུམ་ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་སྒར་ཕོ་བྲང་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་རྒྱ་རིགས་དད་ལྡ་པ་ཁག་ཅིག་དང་། གཞན་ཡང་རྒྱ་རིགས་གཞན་འགའ་ཤས་ནས་ལོ་མང་རིང་གསོལ་འདེབས་ཞུས་པ་བཞིན། བདེ་མཆོག་དྲིལ་བུ་ལྷ་ལྔ་གཙོ་བོར་གྱུར་པའི་བཀའ་དབང་ཁག་གསུམ་དང་། འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་ཡོད་འདུག
ཡང་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ནས་ངོ་སྤྲོད་གནང་བར་ལྟར་ན། ཐེངས་འདིའི་ཆོས་འབྲེལ་དམིགས་བསལ་ཆགས་ཀྱི་ཡོད་པ་ནི་༧རྒྱལ་བ་རིན་པོ་ཆེར་རྒྱ་ནག་ནང་གི་རྒྱ་རིགས་ཚོགས་པ་འགའ་ཤས་ནས་ལོ་མང་པོའི་གོང་ནས་ཆོས་འབྲེལ་བསྐྱངས་རྒྱུར་གསོལ་འདེབས་ཞུས་ནས་ད་རེས་ཐུགས་གཏན་འཁེལ་བ་ཞིག་ཡིན་པ་མ་ཟད་དུས་རྟག་ཏུ་༧གོང་ས་མཆོག་གིས། ནང་པའི་ལྟ་གྲུབ་ནང་པ་ཚོས་ཤེས་རྟོགས་ཐུབ་པ་དགོས་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་སྟབས། བྱང་ཆུབ་སེམས་འགྲེལ་གྱི་ཆོས་འགྲེལ་ཡང་་སྩལ་རྒྱུ་ཡིན་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎