དབྱིན་ཡུལ་ནང་གི་དྲག་ཟིང་གི་གནས་ཚུལ་ལ་ཐུགས་ཕམ།

༸གོང་ས་མཆོག་གིས་དབྱིན་ཡུལ་ནང་ཉེ་ཆར་དྲག་ཟིང་གི་གནས་ཚུལ་ཐབས་སྡུག་དེ་འདྲ་བྱུང་བར་ཐུགས་ཕམ་བྱུང་ཚུལ་གསུང་ཡོད་པ་རེད།

2011.08.10

༄༅༎བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཡུལ་ཁག་ཏུ་ཆིབས་བསྒྱུར་གནང་བའི་ཕེབས་ལམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གཞུང་ཚབ་ཀྱི་ལས་མི་ཁག་ཅིག་དང་ཁྱུག་ཙམ་མཇལ་འཕྲད་གནང་སྐབས་༧གོང་ས་མཆོག་གིས་བཀའ་གནང་བར་དབྱིན་ཡུལ་དེ་བཞིན་ཁྲིམས་ལུགས་གཞི་བཟུང་ཞི་བདེ་ལྡན་པའི་ཡུལ་གྲུ་དེ་འདྲ་ཞིག་གི་ནང་ཉེ་ཆར་དྲག་ཟིང་གི་གནས་ཚུལ་ཐབས་སྡུག་དེ་འདྲ་བྱུང་བར་ཐུགས་ཕམ་བྱུང་ཚུལ་གསུང་ཡོད་པ་རེད།

དེའང་ཉེ་སྔོན་དབྱིན་ཡུལ་གྱི་དབུས་གྲོང་ཁྱེར་མེན་ཆེསི་ཀྲར་གྱི་ནང་ས་གནས་ཡུལ་མི་ཚོས་གཞུང་ལ་ངོ་རྒོལ་མཚོན་བྱེད་དུ་གྲོང་ཁྱེར་གྱི་ཐོག་བརྩེགས་ཅན་གྱི་ཚོིང་ཁང་སོགས་མེ་བསྲེགས་བཏང་བའམ་དེ་བཞིན་ཅ་དངོས་བརྐུ་འཁྱེར་བྱས་པ་སོགས་ཀྱི་སྐབས་ཉེན་རྟོགས་པས་མེ་མདའ་རྒྱབ་ཏེ་མི་གྲངས་༣་སྲོག་སྐྱོན་བཏང་བའི་གནས་ཚུལ་དེ་འདྲ་བྱུང་བ་ནི་ད་ཕན་དབྱིན་ཡུལ་ནང་བྱུང་མྱོང་མེད་པའི་ཐབས་སྡུག་གི་གནས་ཚུལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད་ འོན་ཀྱང་ད་ཆ་ཁུལ་དེ་གའི་ནང་དྲག་ཟིང་ལྷིང་འཇགས་ཀྱི་ལས་དོན་མངའ་གསོར་ཆུད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎