རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་ལ་ཉེན་ཁ།

༧གོང་ས་མཆོག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་པའི་རིག་གཞུང་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་ཆགས་ཀྱི་ཡོད་ལུགས་བཀའ་གནང་འདུག

2012.04.28

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་པའི་རིག་གཞུང་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་ཆགས་ཀྱི་ཡོད་ལུགས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་དྲའི་རྒྱལ་ས་ཨོ་དྲ་ཝའི་ནང་། ཡུལ་དེའི་སྲིད་བློན་མཇལ་འཕྲད་གནང་བ་མ་ཟད་མང་ཚོགས་ལ་གསུང་བཤད་གནང་རྒྱུ་བཅས་ཀྱི་མཛད་འཕྲིན་བསྐྱངས་གནང་ཡོད་པ་དང༌། ལྷག་པར་དུ་འདི་ཚེས་ཉི་ཤུ་བདུན་ཉིན་ཁུལ་དེར་ཚོགས་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་སོ་གྲངས་ཤིག་ནས་ཕེབས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་དྲུག་པའི་དབུ་འབྱེད་གནང་བ་དང་སྦྲགས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་གནད་དོན་མང་པོ་ཞིག་ཐོག་བཀའ་གནང་བའི་ཁོངས་སུ། བོད་ནང་དེང་སང་རྒྱ་ནག་གཞུང་གི་བོད་མི་ཚོའི་ཐོག་འཛིན་པའི་སྲིད་བྱུས་དེས་གནའ་བོའི་རིག་གཞུང་ཕྱུག་པའི་བོད་ཀྱི་རིག་གཞུང་དེ་དག་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་བོད་ནང་ཉེ་ཆར་ནས་བཟུང་གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་སྐོར་ཡང་གསུངས་ཡོད་པ་རེད།
ཡང་ཁེ་ན་དྲའི་ཕྱི་མི་གཞིས་སྤོས་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་ཇེ་སན་ ཀེ་ནི་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་ཁེ་ན་དྲའི་ནང་ཕེབས་པར་དགའ་བསུ་ཞུས་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་༧གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་མུ་མཐུད་ནས་སྐུལ་མ་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གི་གཞུང་ནས་ཁེ་ན་དྲའི་ནང་བོད་མི་ཆིག་སྟོང་ཐམ་པ་སྐྱབས་བཅོལ་དུ་ལེན་རྒྱུའི་ཆོག་མཆན་གནང་ཡོད་པའི་སྐོར་ཡང་ལུང་འདྲེན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎