༸གོང་ས་མཆོག་ནས་རྡོ་རྗེ་གདན་དུ་ཆོས་འབྲེལ་ལེགས་གྲུབ།

༸གོང་ས་མཆོག་གིས་བོད་དེ་ནི་རྒྱ་གར་གྱི་ཐོུང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ཞིག་ཏུ་མུ་མཐུད་གནས་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།

2010.01.12

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་ལྔའི་ཆོས་འབྲེལ་དང་མཛད་འཆར་ཁག་གྲུབ་ཏེ་ཕྱི་ཚེས་༩ཉིན་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་ཏེ་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏ་དུ་མི་དམངས་འདུ་འཛོམས་ཤིག་ཐོག་ལ། བོད་དེ་ནི་རྒྱ་གར་གྱི་ཐོུང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ཞིག་ཏུ་མུ་མཐུད་གནས་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༩ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏ་ནང་དུ་ཡོད་པའི་རྒྱ་གར་གྱི་ཚོང་ལས་སློབ་གཉེར་ཁང་གི་བུད་མེད་ཚན་ཁག་གིས་གོ་སྒྲིག་བྱས་པའི་བྱ་དགའ་ཕུལ་བའི་མཛད་སྒོ་ཞིག་ཐོག་ལ་ཆིབས་བསྒྱུར་བསྐྱང་གནང་བ་དང། མཛད་སྒོ་དེའི་ཐོག་བཀའ་སློབ་གསུང་བཤད་གནང་བ་མ་ཟད། མི་དམངས་འདུ་འཛོམས་དེའི་ཁྲོད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། སྐྱེ་བ་སྔ་ཕྱི་དང། བྱམས་བརྩེ་ཟེར་བའི་གོ་དོན་གང་འདྲ་ཡིན་མིན་སོགས་ཀྱི་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པ་ཚང་མར་བཀའ་ལན་ཡང་གནང་ཡོད་པ་རེད།

མཛད་སྒོ་དེར་ཚོགས་ཞུགས་གནང་བའི་མི་སྣ་ཞིག་གིས། ང་ཚོས་མི་ཚེའི་འཁོར་བར་ཡིད་ཆེས་བྱེད་ཀྱི་ཡོད་པར་བརྟེན་ནས། ཕག་པ་དང་ར་སོགས་སེམས་ཅན་རྣམས་ཚེ་ཕྱི་མ་མི་ལུས་ཐོབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར། ཞལ་ཤོབ་དང་སྦྲགས་ངས་ཤེས་ཀྱི་མེད། ཡིན་ནའང་ཡོང་སྲིད་པ་རེད་ཅེས་དང། ཡང་འཛམ་གླིང་གཞན་གྱི་མི་འཇིག་རྟེན་འདིའི་སྟེང་དུ་སྐྱེ་བ་ལེན་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར། ངོས་ནས་ཚེ་ཕྱི་མ་དང་སྐྱེ་བ་བསྐྱར་དུ་ལེན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང་ཡེ་ཤུའི་ཆོས་དད་པ་དང་ཁ་ཆེ་ཆོས་དད་པ་ཚོས་ལྟ་གྲུབ་ཀྱི་རྣམ་བཞག་དེ་ཁས་ལེན་མིན་ལ་མ་ལྟོས་པར་ངོས་ནས་ཆོས་ལུགས་གཞན་ལ་གུས་བཀུར་ཆེན་པོ་ཞུ་གི་ཡོད། ཆོས་ལུགས་དེ་དག་ཀྱང་འགྲོ་བ་མིའི་རིགས་ལ་ཕན་ཐོགས་སྐྲུན་ཐུབ་པའི་ནུས་པ་ངེས་ཅན་ཡོད་པ་ཤ་སྟག་རེད་ཅེས་བཀའ་ལན་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་ནི་རྒྱ་གར་གྱི་སློབ་མ་ཡང་དག་པ་ཞིག་ཡིན་ཞེས་དང། རྒྱ་གར་ནས་བོད་ལ་དར་བའི་རིག་གཞུང་གི་གཏེར་རྣམས་བོད་པ་ཚོས་མི་ཉམ་གཅེས་འཛིན་བྱས་ཡོད་པར་སོང། རྒྱ་གར་གྱི་ངོས་ནས། རིག་གཞུང་དེ་ཚོས་མི་ཉམ་རྒྱུད་འཛིན་བྱ་རྒྱུར་སྣང་ཆུང་དུ་འཇོག་ཐབས་ཡོད་པ་མ་རེད་ཅེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎