བོད་ནང་གི་དངོས་ཡོད་གནས་སྟངས་ཐད་དཔང་པོ་བྱེད་དགོས།

༸གོང་ས་མཆོག་གིས་རྡོ་རྗེ་གདན་དུ་གསུང་ཆོས་སྩལ་གནང་མཛད་པའི་སྐབས་སུ་བོད་ནང་ཆོས་དད་རང་དབང་མེད་པའི་སྐོར་གསུངས་འདུག

2010.01.09

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གནང་མཛད་པའི་སྐབས་སུ་བོད་ནང་ཆོས་དད་རང་དབང་ཡོད་པ་མ་རེད་ཅེས་དང་ གནད་དོན་དེ་ལ་བརྟེན་ནས་དཔེར་ན་ ངོས་རང་ད་ལྟའང་བཙན་བྱོལ་བའི་གནས་བབ་འོག་ཏུ་གནས་མུས་ཡིན་ཞེས་བཀའ་གནང་བ་དང་ཆབས་ཅིག་ཁྱེད་རང་ཚོས་བོད་ནང་ལ་བསྐྱོད་དེ་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་དཔང་པོ་བྱེད་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད་ བོད་ཐེ་བས་འཛམ་གླིང་གི་ཡུལ་གྲུ་སྣ་ཚོགས་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉི་མ་ལྔའི་རིང་གི་གསུང་ཆོས་སྩལ་རྒྱུའི་མཛད་འཆར་མཇུག་སྒྲིལ་བའི་མཇུག་བསྡོམས་གསུང་བཤད་ནང་ ཁྱེད་རང་ཚོ་དོ་དག་སོ་སོ་སྒེར་གྱི་ངོས་ནས་བོད་ནང་བལྟ་བསྐོར་ལ་ཕྱིན་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་བལྟ་བྱེད་དགོས་ཞེས་ཀྱང་ ཆོས་ཞུ་བ་སྤྱི་དང་བྱེ་བྲག་བོད་དོན་ཐོག་ལ་ལྷག་བསམ་ངང་རྒྱབ་སྐྱོར་རྒྱུན་སྲིང་གནང་མཁན་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་དྲི་གིཡར་སོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུལ་མ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎