ཨོ་སྦ་མས་བོད་དོན་ལ་ཐུཌ་འཁུར་ཆུང་དྲག་གི་ཡོད་པ་དེ་འདྲ་མིན།

༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་མཆོག་གིས་བོད་ཀྱི་གནད་དོན་ལ་ཐུགས་འཁུར་ཆུང་དྲག་གི་ཡོད་པ་དེ་འདྲ་མ་རེད་ཅེས་གསུངས་འདུག

2009.11.22

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་མཆོག་གི་ཕྱག་ལས་གནང་ཕྱོགས་མ་འདྲ་བ་ཞིག་ལས་གཞན་བོད་ཀྱི་གནད་དོན་ལ་ཐུགས་འཁུར་ཆུང་དྲག་གི་ཡོད་པ་དེ་འདྲ་མ་རེད་ཅེས་གསུངས་གནང་འདུག

དེ་ནི་ད་ལྟ་རྒྱལ་སྤྱིའི་ནང་ཨ་རིའི་སྲིད་འཛིན་མཆོག་གིས་ད་རེས་རྒྱ་ནག་གི་འགོ་ཁྲིད་ཚོའི་ལྷན་གནད་དོན་གྲོས་མོལ་ནང་བོད་ཀྱི་གནད་དོན་ལ་ ནུས་པ་ཐོན་པའི་གླེང་སློང་ཞིག་གནང་མེད་པའི་སྐྱོན་བརྗོད་ཤུགས་ཆེ་ཡོང་བཞིན་པར་གསར་འགོད་པ་ཚོས་གནད་དོན་འདིའི་ཐད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་ཚུལ་བཀའ་དྲི་ཞུས་པའི་བཀའ་ལན་དུ་སྤྱི་ནོར་༸གོང་ས་མཆོག་གིས་༧གོང་ས་མཆོག་གི་དགོངས་པར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མའི་ཕྱག་ལས་གནང་ཕྱོགས་ཀྱི་་ཐབས་ལམ་མི་འདྲ་བ་ཞིག་ཡིན་པ་ལས་གཞན་བོད་ཀྱི་གནད་དོན་ལ་ ཐུགས་འཁུར་ཆེན་པོ་གནང་གི་མེད་པའི་གཟིགས་ཚུལ་མ་བྱུང་ཞེས་གསུངས་ཡོད་པ་རེད་

ཨ་རིའི་སྲིད་འཛིན་ཨོ་སྦ་མས་རྒྱ་ནག་གཞུང་ལ་ངོ་སྲུང་སྤྲེལ་ལས་ཀྱི་ཆེད་ཕྱི་ཟླ་བཅུ་པའི་ནང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ཨ་རིའི་རྒྱལ་སའི་ནང་ཆིབས་བསྒྱུར་སྐབས་༸གོང་ས་མཆོག་གི་མཇལ་ཁ་ཞུས་མེད་ཅིང་ཁ་ས་རྒྱ་གར་གྱི་རྒྱལ་ལྡི་ལའི་ནང་གསར་འགོད་ལྷན་ཚོགས་ཐོག་སྤྱི་ནོར་༸གོང་ས་མཆོག་ལ་གནད་དོན་འདིའི་ཐད་སླར་ཡང་དྲི་བ་བྱུང་སྐབས་སྤྱི་ནོར་༸གོང་ས་མཆོག་གིས་སྲིད་འཛིན་ཨོ་སྦ་མས་༸གོང་ས་མཆོག་མཇལ་འཕྲད་མ་གནང་བ་དེར་ཐུགས་ཕམ་གང་ཡང་མ་བྱུང་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎