རྒྱ་ནག་གིས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་པ།

༸གོང་ས་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ཐབས་ཤེས་གནང་ཀྱང་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་བཏང་མེད་པ་རེད།

2008.10.26

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་ཀའི་ཁེ་ཕན་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱུན་རིང་ཐབས་ཤེས་གནང་ཡོད་ཀྱང་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ལུགས་བཀའ་གནང་འདུག

ཁ་ས་ཚེས་ཉི་ཤུ་ལྔའི་ཉིན་བཞུགས་སྒར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་གསུངས་བཤད་བསྩལ་གནང་བའི་ནང་དོན་གཙོ་བོར། བོད་ཀྱི་གནད་དོན་དེ་ནི་བོད་མི་མང་གི་གནད་དོན་ཞིག་ཡིན་པ་ལས་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མ་རེད། དེ་འདྲ་ཡིན་དུས་༸གོང་ས་མཆོག་གིས་རྒྱུན་རིང་པོའི་རིང་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་ཀའི་ཁེ་ཕན་ཡོད་པའི་ལམ་དབུ་མའི་སྲིད་བྱུས་འཛིན་གནང་གིས་ཁ་ཞེ་གཉིས་མེད་ཐོག་ནས་རྒྱ་ནག་གཞུང་ལ་བཀའ་མོལ་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མེད་པར་བརྟེན་དེ་སྔ་ཕྱི་ལོ་༡༩༨༨ལོར་བོད་རྒྱའི་གྲོས་མོལ་སྐོར་དོན་ཚན་བཏོན་གནང་མཛད་པའི་སྐབས། མཐའ་མའི་ཐག་ཆོད་དེ་བོ་དམི་མང་གིས་བྱེད་ཀྱི་རེད་ཅེས་བཀའ་གནང་ཡོད་པ་ལྟར་ད་ཆ་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་བོད་མི་མང་ཚོགགོས་ཀྱིས་གོ་བསྡུར་བྱེད་ནས་ཐག་ཆོད་བྱ་དགོས་སྐོར་ཉེ་ཆར་བཙན་བྱོལ་བོད་གཞུང་ལ་བཀའ་གནང་ཡོད་ཅེས་གསུངས་འདུག ཡང་༸གོང་ས་མཆོག་གིས་མུ་མཐུད་ནས་དེ་སྔ་༸གོང་ས་མཆོག་གིས་ལམ་དབུ་མའི་སྲིད་བྱུས་དེའི་ཐོག་རྒྱ་རིགས་མཁས་དབང་མང་པོ་ཞིག་ནས་རྒྱབ་སྐྱོར་གནང་གི་ཡོད་སྟབས་རྒྱ་མི་རིགས་ཚོའི་ཐོག་ཡིད་ཆེས་ད་ལྟའང་ཡོད། དེ་འདྲ་ཡིན་དུས་ཁོང་ཚོའི་ཐོག་རེ་བ་མུ་མཐུད་ནས་བཅོལ་གནང་རྒྱུ་ཡིན་ཞེས་བཀའ་གནང་འདུག དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས་བོད་ནང་བོད་མི་ཚོར་དྲག་གནོན་ཤུགས་ཆེན་པོ་ཡོད་མུས་ཡིན་ནའང་སྙིང་སྟོབས་ཆེན་པོའི་ཐོག་ནས་སོ་སོའི་རྒྱ་ནག་གཞུང་གི་འཛིན་སྐྱོང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པ་རེད། འོན་ཀྱང་ཐུགས་ཕམ་པ་ཞིག་ལ་རྒྱ་ནག་གཞུང་གིས་དེ་དག་གི་ཐོག་ནས་དྲག་ཤུགས་ཀྱི་ཐོག་ནས་བཀོད་འདོམས་བྱས་པ་མ་ཟད་རྒྱ་ནག་ཁ་བྲལ་གཏང་རྒྱུའི་ལས་འགུལ་རེད་ཅེས་ང་ཚོར་ལེ་ཁག་དཀྲིས་ཡོད་རེད། དེ་དག་ལ་ང་ཚོའི་ངོས་ནས་གསལ་བཤད་ཇི་ལྟར་བྱས་ཀྱང་དེ་ཚོར་ཉན་འཇོག་མ་བྱས་པ་སོགས་གང་ལྟར་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ངོས་ནས་ད་བར་ཐབས་ཤེས་ཇི་ཙམ་གནང་ཡང་དེར་ཡ་ལན་མེད་པའི་རྣམ་འགྱུར་བསྟན་པར་བརྟེན་ད་ཆ་༸གོང་ས་མཆོག་གི་ངོས་ནས་ཐབས་ཤེས་མི་འདུག་པས་རིང་མིན་དམིགས་བསལ་ཚོགས་ཆེན་ཐོག་ནས་བགྲོ་བསྡུར་ལྷུག་པོ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎