༸གོང་ས་མཆོག་ནས་རྒྱ་ནག་གི་དཔལ་འབྱོར་སྐོར་གསུང་གླེང༌།

རྒྱ་ནག་ལྟ་བུ་ལ་འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་ཚེགས་ཆེ་བ་ཡོང་གི་ཡོད་པར་ཡིད་ཆེས་གནང་གི་ཡོད་ལུགས།

2008.12.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་ཚེགས་མང་གཙོའི་ལམ་སྲོལ་ཡོད་པའི་ཡུལ་གྲུ་ཁག་ལས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་རྒྱ་ནག་ལྟ་བུ་ལ་དཀའ་ཚེགས་ཆེ་བ་ཡོང་གི་ཡོད་པར་ཡིད་ཆེས་གནང་གི་ཡོད་ལུགས་གསུངས་གནང་འདུག འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་ནི་དཀའ་རྙོག་ཚབས་ཆེ་ཞིག་ཡིན་པ་དང་དེའི་མཇུག་འབྲས་རྒྱ་དཀར་ནག་གནིས་ནས་རྒྱ་གར་མང་གཙོའི་ལམ་སྲོལ་ལྡན་པ་ཡིན་སྟབས་གདོང་ལེན་བྱེད་སྟབས་བདེ་བ་ཡོད་པ་དང་སྲིད་དབང་གཅིག་སྡུད་ཀྱི་རིང་ལུགས་དང་ཕྱི་རྒྱར་སྒོ་མོ་བརྒྱབ་པའི་རྒྱལ་ཁབ་ཅིག་ནང་དཀའ་ངལ་ཆེ་བ་ཡོང་རྒྱུ་ཡིན་པ་དང་ཡང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དངོས་ཡོད་ཡིན་མེད་ཀྱང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ནི་སྤྱིར་བཏང་ས་སྟེང་འདིའི་སྟེང་དུས་ལས་ཡོལ་ཟིན་པའི་རིང་ལུགས་ཤིག་ཡིན་འཇིགས་སྣང་དང་དངངས་སྐྲག་འོག་ཕན་ཚུན་ཡིད་ཆེས་སྐྲུན་ཐབས་མེད་ཅིང་འཛིན་སྐྱོང་ནང་ཕྱི་གསལ་ནང་གསལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་རེད་ཅེས་༸གོང་ས་མཆོག་གིས་བཀའ་གནང་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་པོའོ་ལེན་ཡུལ་དུ་ཇི་ལྟར་པོའོ་ལེན་གྱི་མང་གཙོའི་དབུ་ཁྲིད་གྲགས་ཅན་ལེཁ་ལྦ་ལེ་ས་མཆོག་གིས་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བཞེས་གནང་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དགའ་སྟོན་མཛད་སྒོར་གདན་ཞུ་གནང་བ་བཞིན་དགུང་ཞག་དྲུག་གི་རིང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎