ལིའུ་ཤའོ་ཕུའུ་ལ་ཞི་བདེའི་བྱ་དགའ་ཐོབ་པ་འོས་བབ་ཆེན་པོ་ཡིན།

༧གོང་ས་མཆོག་གིས་ནོ་བེལ་བྱ་དགའ་དེ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་གནང་བ་དེ་འོས་བབ་ཆེན་པོ་བྱུང་ཡོད་པའི་བཀའ།

2010.10.12

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་དེ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་གནང་བ་དེ་འོས་བབ་ཆེན་པོ་བྱུང་ཡོད་པ་དང་ དེ་ནི་ཁོང་གིས་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ རྒྱ་ནག་ནང་མང་གཙོ་དང་རང་དབང་ཡོང་ཐབས་ཀྱི་འབད་བརྩོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་བ་ཞིག་རེད་ཅེས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་NHKཞེས་པའི་བརྙན་འཕྲིན་ལས་ཁང་ལ་བཀའ་གནང་ཡོད་པ་རེད་

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཌའི་མངའ་ཁུལ་ཁག་ཅིག་ལ་མཛད་འཕྲིན་སྐྱོངས་ཆེད་ཆིབས་བསྒྱུར་སྐབས་ཕེབས་ལམ་དུ་ཉི་ཧོང་གི་གནམ་ཐང་ལ་གོང་ཞུས་བརྙན་འཕྲིན་ལས་ཁང་དེས་༧སྤྱི་ནོར་༧གོང་ས་མཆོག་གི་ལྷན་གླེང་མོལ་ཁག་ཅིག་གནང་ཡོད་པ་དེའི་ནང་༧སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་གུ་དོག་པོ་མ་གནང་བར་བསམ་བློ་གུ་ཡངས་པོ་གཏོང་དགོས་པ་དང་ རྒྱ་རིགས་མང་ཚོགས་ནས་རང་ཀྱི་རྩ་ཁྲིམས་ནང་གསལ་བའི་འབྲུ་དོན་རྣམས་དགོས་ཀྱི་ཡོད་པ་རྩོད་ལེན་བྱེད་ཀྱི་ཡོད་པས་དངོས་ཡོད་གནས་ཚུལ་དེ་རྟོགས་ཐུབ་པ་གནང་དགོས་ཞེས་དང་ དེ་མིན་སྦི་སྦི་སི་དང་སི་ཨེན་ཨེན་གཙོས་པའི་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་བཀག་སྡོམ་བྱས་པས་ཕན་གྱི་མ་རེད་ལ་ དེས་རྒྱ་ནག་གཞུང་ལ་ཕན་རྒྱུའི་ཚབ་མིང་འཕྱད་་ངན་པ་བཟོ་ཡི་རེད་ཅེས་བཀའ་གནང་ཡོད་པ་རེད་ ཡང་སྐབས་དེར་གསར་འགོད་པས་༧སྤྱི་ནོར་༧གོང་ས་མཆོག་ལ་ད་རེས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་བྱ་དགའ་ཐོབ་པ་དེས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་གི་ཡོད་པ་གཟིགས་ཀྱི་ཨེ་ཡོད་ཅེས་བཀའ་དྲི་ཞུས་པའི་བཀའ་ལན་དུ་ ༧སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བགྲོད་ལ་ཆ་རྐྱེན་མང་པོ་ཞིག་ཚང་དགོས་ཀྱི་ཡོད་པ་དང་ ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་གནང་རྒྱུ་དེ་ཆ་རྐྱེན་གཅིག་ཡིན་པ་དང་ ཡིན་ནའི་རྒྱ་ནག་ནང་འགྱུར་བགྲོད་ཡོང་བར་ལིའུ་ཤའོ་ཕུའུ་ཁོང་འདྲ་བ་མང་པོ་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎