༸གོང་ས་མཆོག་ལ་ད་ཡ་ལྦ་ཏི་བྱ་དགའ་ཕུལ་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ཡ་ལྦ་ཏི་མོ་དི་ཞེས་པའི་བྱ་དགའ་འབུལ་བཞེས་གནང་ཡོད་འདུག

2011.12.04

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ཡ་ལྦ་ཏི་མོ་དི་ཞེས་པའི་བྱ་དགའ་འབུལ་བཞེས་གནང་ཡོད་འདུག
དེ་ཡང་རྒྱ་གར་གྱི་སྙན་གྲགས་ཅན་གྱི་འབྱོར་པ་ཅན། མོ་དི་ཞེས་པའི་སྒྱུ་རྩལ་དང་། རིག་གཞུང༌། ཤེས་ཡོན་ལྟེ་གནས་ཁང་ནས་ལོ་འདིའི་ད་ཡ་ཝ་དི་མོ་དི་ཞེས་པའི་བྱ་དགའ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་ས་རྒྱལ་ས་ལྡི་ལིའི་ནང་འབུལ་བཞེས་གནང་ཡོད་པ་རེད། བྱ་དགའ་དེ་བཞིན་ལྕམ་ད་ཡ་ཝ་དི་དམ་པ་དེའི་རྗེས་དྲན་དུ་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ད་རེས་༸གོང་ས་མཆོག་ལ་ཕུལ་དགོས་དོན་སྐུ་ཚེ་ཧྲིལ་བུ། འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་དང་། བྱམས་བརྩེ་ཁྱབ་སྤེལ་གནང་བ་དང་། དྲང་བདེན་ལ་འཐབ་རྩོད་གནང་བཞིན་པའི་མཛད་རྗེས་ལ་ཕུལ་བ་ཡིན་ལུགས་གསུངས་ཡོད་པ་རེད། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་དང་རྒྱ་ནག་གཉིས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཇེ་མང་དུ་འགྲོ་གི་ཡོད་པར་ཐུགས་ཕམ་ཡོད་ལུགས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎