༸གོང་ས་མཆོག་ནས་རྒྱ་ནག་མཉམ་གྲོས་མོལ་གྲ་སྒྲིག་ཡོད་སྐོར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མཉམ་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་བཀའ་གནང་ཡོད་པའི་གནས་ཚུལ།

2009.09.03

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མཉམ་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

ཐའེ་པེ་ནས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་གནས་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་དང་ལན་གནང་བའི་བཀའ་ལན་དུ་རྒྱ་ནག་ངོས་ནས་བརྡ་ལན་སྤྲད་པ་ཡིན་ན་ང་ཚོའི་ངོས་ནས་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཨང་སར་ཡིན་ལ་ང་ཚོའི་ལངས་ཕྱོགས་ཀྱང་ཕྱི་གསལ་ནང་གསལ་ཡིན། ཡིན་ནའང་ད་བར་རྒྱ་ནག་ངོས་ནས་གྲོས་མོལ་བྱེད་རྒྱུའི་བརྡ་ལན་གང་ཡང་འབྱོར་མ་བྱུང་ཞེས་བཀའ་གནང་ཡོད་འདུག

ཡང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་བ་དེས་མཚོ་ཁ་གཉིས་ཀྱི་འབྲེལ་ལམ་ཐོག་དོ་ཕོག་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ངའི་ངོས་ནས་འདི་ཁུལ་ཡོང་རྒྱུར་དམིགས་ཡུལ་ངན་པ་གང་ཡང་མེད། འོན་ཀྱང་སྲིད་དོན་དབྱེ་ཞིབ་པ་ཡིན་ཟེར་མཁན་ཁག་ཅིག་གིས་འགྲེལ་བཤད་རྒྱབ་ཕྱོགས་ཀྱི་ཐོག་ནས་གནས་ཚུལ་ཡོང་གི་ཡོད་རེད། དེ་ནི་རྒྱུན་གཏན་གྱི་འགྲོ་སྟངས་ཤིག་རེད། དེ་འདྲ་ཡིན་དུས་མཚི་ཁ་གཉིས་ཀྱི་འབྲེལ་ལམ་ཐོག་དོ་ཕོག་འགྲོ་བཟོ་ཡོད་མེད་ཟླ་བ་འགའ་ཤས་ཕྱིན་པའི་རྗེས་སུ་མ་གཏོགས་ད་ལྟ་ནས་གནས་ཚུལ་ཡག་ཉེས་གང་ཡང་བཤད་ཐུབ་ཀྱི་མ་རེད་ཅེས་གསུངས་གནང་ཡོད་འདུག

ཡང་ད་རེས་རྒྱལ་ས་ཐའེ་པེ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་མདུན་ངོ་རྒོལ་བྱེད་མཁན་མི་ཉུང་ཤས་ཤིག་ཡོད་འདུག་པ་དེའི་ལས་འགུལ་གོ་སྒྲིག་བྱེད་མཁན་ལྦང་ཆུན་པིང་ཞེས་པས་ད་རེས་ཏཱ་ལའི་བླ་མ་འདིར་ཕེབས་པ་དེས་རྒྱ་ནག་མཉམ་འབྲེལ་བར་དོ་ཕོག་འགྲོ་གི་རེད། བོད་རང་བཙན་དང་ཐའེ་ལྦན་རང་བཙན་ཟེར་དགོས་འདུན་མ་བཏོན་པ་ཡིན་ན་ངཚོས་ཏཱ་ལའི་བླ་མ་མཆོག་འདིར་ཕེབས་རྒྱུར་དགའ་བསུ་ཞུ་གི་རེད་ཅེས་བཤད་ཡོད་འདུག འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཆིབས་བསྒྱུར་བསྐྱངས་ཡུལ་གང་སར་ངོ་རྒོལ་བྱེད་མཁན་མི་གྲངས་མི་ཉུང་བ་ཞིག་ཡོད་ཀྱང་མང་ཚོགས་བརྒྱ་ཆ་བདུན་བཅུ་དོན་ལྔ་ལྷག་ཙམ་ནས་༸གོང་ས་མཆོག་ཐའེ་ལྦན་ཁུལ་ཆིབས་བསྒྱུར་གནང་རྒྱུར་དགའ་བསུ་ཡོད་པའི་དགོངས་ཚུལ་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎