ཕེ་རན་སིའི་གྲོས་ཚོཌ་འཐུས་མི་སོཌ་ལ་བསྔཌ་བརྗོད།
2011.08.17
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་ཕེ་རན་སི་གྲོས་ཚོགས་ཀྱི་འཐུས་མི་དང༌། གྲོང་སྡེ་སྤྱི་ཁྱབ་པ་༡༣ དང་མཇལ་འཕྲད་གནང་སྟེ། ཁོང་རྣམས་ཀྱིས་བོད་མི་ཚོར་དཀའ་ངལ་ཅན་གྱི་དུས་སྐབས་སུ་རོགས་རམ་གནང་བ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པའི་བསྔགས་བརྗོད་མཛད་གནང་ཡོད་པ་རེད།
དེ་ཡང་ཕེ་རན་སི་གྲོང་སྡེ་སྤྱི་ཁྱབ་པ་ཁོང་རྣམས་ཀྱིས་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་སྤྱི་ཁྱབ་པ་མི་རེ་ངོ་རེ་ནས་བོད་མི་གནས་སྡོད་ཀྱི་གཞིས་ཆགས་རེ་རེ་བདག་ཉར་གནང་བའི་ཐུགས་འཁུར་ཆེ་བཞེས་གནང་བཞིན་ཡོད་པར་བརྟེན། ཕྱི་ཚེས་༡༥ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་པ་ཁོང་རྣམས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་བ་དེར་ཐུགས་རྗེ་ཆེ་གསུང་གནང་བ་དང་སྦྲགས། ཁོང་རྣམ་པའི་ལས་དོན་དེ་གཞི་རྒྱ་ཆེ་རུ་བཏང་སྟེ། ཡོ་རོབ་སྤྱི་མཐུན་ནང་དུ་ཡོད་པའི་རྒྱལ་ཁབ་ཚང་མའི་ནང་ལས་དོན་དེ་སྤེལ་ཐུབ་པའི་འབད་བརྩོན་གནང་དགོས་པའི་རེ་འདུན་གནང་ཡོད་པ་རེད། དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕེ་རན་སི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། ཁོང་རྣམས་ཀྱིས་བོད་མི་ཚོར་དཀའ་ངལ་ཆེ་བའི་དུས་སུ་རོགས་རམ་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་གནང་བ་དང༌། འཐུས་མི་ཚོའི་ངོས་ནས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་གནང་བ་དང་ཆབས་ཅིག་ད་ལྟའི་བོད་ནང་གི་ཡ་ང་བའི་གནས་སྟངས་དང༌། དམིགས་བསལ་རྒྱ་ནག་གཞུང་གིས་བོད་ནང་སྔར་བས་དམ་བསྒྲཌ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་གནས་སྟངས་རྣམས་གསལ་བཏོན་གནང་ཡོད་པ་རེད། དེ་ནས་ཇན་མན་གྱི་ཉིན་རེའི་གསར་ཤོག་ལས་ཁང་ཞིག་གིས་བཀའ་འདྲིར་བཀའ་ལན་སྕལ་གནང་བ་དང༌། ཕེ་རན་སིའི་ནང་དུ་ཡོད་པའི་ལྕམ་ཌེ་ནིཡེལ་མེ་ཏ་རེནདྲ་མཚན་ཐོག་གི་ཐེབས་རྩ་ཁང་དེ་བཙུགས་ནས་མི་ལོ་༢༥ འཁོར་བའི་དུས་དང་འཁེལ་བར་བརྟེན་ཐེབས་རྩ་ཁང་དེའི་སྐུ་ཚབ་ཁག་ཅིག་གིས་༧གོང་ས་མཆོག་མཇལ་ཁ་ཞུས་ཏེ། ལམ་སྟོན་བཀའ་སློབ་སྐྱབས་མཇུག་ཞུས་པར་བཀའ་སློབ་ཕེབས་དོན་དུ། དུས་རབས་༢༡ དེ་མི་རབས་གཞོན་པ་ཚོའི་དུས་རབས་ཤིག་ཡིན་པར་བརྟེན་ནས། གཞོན་སྐྱེས་ཚོར་ལས་འགན་དང་གོ་སྐབས་ཀྱང་ཧ་ཅང་གི་མང་བ་ཐོབ་རྒྱུ་ཡོད། མ་འོངས་པའི་སྤྱི་ཚོགས་དེའི་མདུན་ལམ་བཟང་ངན་ཇི་འདྲ་ཞིག་ལ་ཁ་ལོ་སྒྱུར་མིན་དེ་གཞོན་སྐྱེས་ཚོར་དམིགས་བསལ་རག་ལུས་ཡོད་པའི་བཀའ་གནང་བ་མ་ཟད། ཐེབས་རྩ་གསར་འཛུགས་གནང་མཁན་ལྕམ་ཌེ་ནི་ཡེལ་གྱི་ཕྱག་ལས་ལ་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།