༸གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་མཇལ་མོལ་གནང་བ།

༸གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་རྣམ་གཉིས་གཟའ་པ་སངས་ཀྱི་སྔ་དྲོ་མཇལ་མོལ་གནང་ཡོད་འདུག

2008.05.23

༄༅༎བོད་མིའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་རྣམ་གཉིས་གཟའ་པ་སངས་ཀྱི་སྔ་དྲོ་མཇལ་མོལ་གནང་ཡོད་པ་དང་། དབྱིན་ཇིའི་འབྲེལ་ཡོད་དཔོན་རིགས་ནས་གསུང་ན་། དུས་ཡུན་སྐར་མ་ཉི་ཤུ་རྩ་ལྔའི་རིང་གི་མཇལ་མོལ་དེ་བཞིན་དོན་དང་ལྡན་པ་ཞིག་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་ལས་ད་ལྟའི་ཆར་བཀའ་མོལ་ག་རེ་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་གནང་མེད་པ་རེད། དབྱིན་ཇིའི་སྲིད་བློན་མཆོག་ནས་ཁོང་གིས་༸གོང་ས་མཆོག་ལ་གུས་ཞབས་ཆེན་པོ་ཞུ་གི་ཡོད་པ་ཞེས་གསུངས་ཏེ་བཀའ་མོལ་འགོ་ཚུགས་གནང་ཞིང་། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་གྱི་གནད་དོན་ཐོག་དབུ་ཁྲིད་རྣམ་གཉིས་བཀའ་མོལ་གནང་ཡོད་པའི་སྐོར་དབྱིན་ཇིའི་གཞུང་འབྲེལ་མི་སྣས་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་དང་ལྷན་དུ་བོད་ཀྱི་གནད་དོན་སེལ་ཐབས་ཐོག་ཐབས་ལམ་བཟང་པོ་ག་རེ་ཡོད་མེད་སྐོར་བཀའ་བསྡུར་གནང་བ་མ་ཟད། ༸གོང་ས་མཆོག་ནས་བོད་རང་བཙན་རྩོད་གནང་གི་མེད་པའི་སྐོར་བསྐྱར་བཟློས་གནང་བ་སོགས་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཕུར་བུའི་ཉིན་ཨིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཐོག་བཀའ་མོལ་གནང་ཡོད་པ་དང་། དེའི་སྐབས་དབྱིན་ཇི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཡས་འདེངས་ཀྱི་ཡོད་མེད་བཀའ་འདྲི་ཞུ་དུས་ ༸གོང་ས་མཆོག་ནས་སྐུ་ཉིད་ཀྱི་དགོངས་པར་ད་དུང་ཡང་འདེངས་ཀྱི་མེད་པའི་བཀའ་ལན་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎