༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་ལྕམ་མཇལ་འཕྲད།

༸གོང་ས་༸རྒྱལ་བ་རིན་པོ་ཆེ་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་དང་སྲིད་འཛིན་གྱི་ལྕམ་རྣམ་གཉིས་ལ་མཇལ་འཕྲད་གནང་འདུག

2008.08.22

༄༅༎༸གོང་ས་༸རྒྱལ་བ་རིན་པོ་ཆེ་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་དང་སྲིད་འཛིན་ལྕམ་རྣམ་གཉིས་ལ་མཇལ་འཕྲད་གནང་འདུག

དེ་རིང་ཞོགས་པར་ཕེ་རན་སི་ལྷོ་ཕྱོགས་སུ་ནང་པའི་དགོན་པ་ཞིག་ལ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒོ་འབྱེད་གནང་བའི་མཛད་སྒོ་ལ་ཕེ་རན་སི་སྲིད་འཛིན་གྱི་ལྕམ་དང་ཕྱི་སྲིད་བློན་ཆེན་གཉིས་མཉམ་ཞུགས་གནང་ནས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང༌། མཛད་སྒོ་གྲོལ་རྗེས་ཁོང་རྣམ་པ་གསུམ་དངོས་སུ་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་རེད་

ཕེ་རན་སིའི་སྲིད་འཛིན་ད་ཐེངས་༸གོང་ས་མཆོག་དང་ད་ཐེངས་མཇལ་འཕྲད་གནང་རྒྱུ་མིན་པ་ཐག་གཅོད་གནང་བ་དེར་ཕེ་རན་སིའི་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་བྱས་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་ཀྱང༌། ཕེ་རན་སིའི་སྲིད་འཛིན་ནས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ཡིན་ན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་དོ་ཕོག་ཡོང་རྒྱུར་ཉེན་བརྡ་བཏང་ཡོད་འདུག ད་ལོ་ཟླ་བ་གསུམ་པའི་ནང་ནས་བོད་ཀྱི་ས་ཁུལ་མང་ཆེ་བར་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱེད་མཁན་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་རྗེས་ཕེ་རན་སིའི་སྲིད་འཛིན་གྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་མཛད་སྒོར་ཕེབས་རྒྱུ་མིན་པའི་ལན་བརྡ་སྤྲད་ཡོད་ནའང་མཐའ་མཇུག་ཁོང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་མཛད་སྒོར་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎