༸གོང་ས་མཆོག་གིས་འཇར་མ་ནི་ནང་བཀའ་ཆོས་སྩོལ་བཞིན་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཌེ་ཁུལ་ཡོད་པའི་དད་ལྡན་པ་ཚོར་བཀའ་ཆོས་སྩོལ་མུས་ཡིན་འདུག

2009.07.31

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ཉི་ཤུ་དགུའི་ཉིན་འཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཌེ་དུ་ཞབས་སོར་འཁོད་དེ་ཚེས་སུམ་ཅུ་ནས་བཟུང་ཁུལ་དེར་ཡོད་པའི་དད་ལྡན་པ་ཚོར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་སྩོལ་མུས་ཡིན་འདུག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེའི་སྔོན་དུ་པོ་ལེན་ཌེ་དུ་ཆིབས་བསྒྱུར་གྱིས་ཡུལ་དེའི་ནང་ཉིན་གྲངས་གསུམ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་པའི་རྗེས་འཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཌེ་དུ་འདི་ཚེས་ཉི་ཤུ་དགུའི་ཉིན་ཞབས་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་པེ་ཏྲ་རོཐ་དང་ཧེ་སེན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རོ་ལེན་ཌེ་ཀོཆི་རྣམ་གཉིས་དང་དེ་བཞིན་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་ལྦིཏ་ནམ་ཚོགས་པའི་ཚོགས་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པའི་ཐོག་འདི་ཚེས་སུམ་ཅུ་ཉིན་འཇར་མ་ནིའི་དབུས་གཞུང་གི་འཛུགས་བསྐྲུན་བློན་ཆེན་ཧའེ་ཌི་མ་རི་ལྷན་དུ་མཇལ་འཕྲད་ཀྱང་གནང་ཡོད་འདུག

གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དེ་ཡུལ་དེའི་ནང་ཡོད་པའི་འཇར་མ་ནི་དང་ལྦིཏ་ནམ་ཆོས་ཚོགས་གཉིས་ཟུང་འབྲེལ་གྱི་ཐོག་ནས་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་གནང་བ་ཞིག་ཡིན་པ་དང་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མ་ནིའི་ནང་ཆིབས་བསྒྱུར་བསྐྱངས་པ་ཐེངས་སུམ་ཅུ་སོ་ལྔ་པ་དེ་ཆགས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎